ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། བདེ་ཆེན་ཁུལ་དམངས་སྲིད་ཅུའུ་ཡིས2017ལོའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་ཏེ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་མ་སློབ་གྲྭར་འགྲིམས་པར་བར་ཆད་བཟོ་བའི་བྱ་བ་མི་འབྱུང་བར་ཁག་ཐེག་བྱས། བདེ་ཆེན་ཁུལ་དམངས་སྲིད་ཅུའུ་ཡིས་མ་དངུལ་སྒོར་ཁྲི30ལྷག་གྲབས་གསོག་བྱས་ཏེ། རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི2017ལོའི་མཐོ་འབྲིང་གི་དབུལ་ཕོངས་མཐར་ཕྱིན་སློབ་མ་རེར་སྒོར3000རོགས་སྐྱོར་བྱས་པ་དང་། བདེ་ཆེན་ཁུལ་གྱི་མཐོ་འབྲིང་གསུམ་དུ་བསྡོམས་པས་སློབ་མ100ལྷག་ལ་རོགས་སྐྱོར་ཐོབ།