ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་རྫོང་གིས་རྟ་རྒྱུག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་འཁྲབ་སྟོན་པ་ཚོས་རྟ་རྒྱུག་འགྲན་བསྡུར་དུས་ཆེན་སྟེང་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་བོད་ཀྱི་ཞབས་བྲོ་འཁྲབ་སྟོན་བྱས་པ་དང་། ཉིན་དེར་དུས་ཡུན་ཉིན་གསུམ་རིང་གི་ཟླ་ལྔ་བའི་ཀྲུང་གོ་སེམས་ཀྱི་ཉི་ཟླ་རྫོང་གི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་དུས་ཆེན་གྱི་བྱ་འགུལ་སེམས་ཀྱི་ཉི་ཟླ་རྫོང་ནས་སྤེལ་བ་རེད། རྟ་རྒྱུག་འགྲན་བསྡུར་སྐབས་སུ་འགྲན་ཞུགས་རྟ་ཕོའི་མགྱོགས་ཚད་དང་རྟ་རྩལ། གོམས་པར་འགྲོ་བ་སོགས་རིགས་མང་པོའི་སྒོ་ནས་འགྲན་བསྡུར་བྱས་པ་ལ་ཡུན་ནན་གྱི་ས་ཁུལ་མང་པོའི་འགྲན་རྟ194འགྲན་བསྡུར་ལ་ཞུགས་པ་རེད།

3.jpg

ཟླ6པའི་ཚེས9ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་རྟ་རྩལ་པ་ཞིག་དང་ཁོའི་བཞོན་རྟས་འགྲན་བསྡུར་གྱི་འགོ་རྩོམ་པར་སྒུག་བཞིན་པའི་ཚུལ། 

4.jpg

ཟླ6པའི་ཚེས9ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་སེམས་ཀྱི་ཉི་ཟླ་རྫོང་མི་རིགས་སློབ་ཆུང་གི་སློབ་མ་ཚོས་རྟ་རྒྱུག་འགྲན་བསྡུར་དུས་ཆེན་སྟེང་ནས་མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ། 

༡.jpg

ཟླ6པའི་ཚེས9ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་རྟ་རྩལ་པས་རྟ་རྒྱུག་འགྲན་བསྡུར་དུས་ཆེན་སྟེང་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་རྟ་རྩལ་ངོམ་བཞིན་པའི་ཚུལ།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།