༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- ཡུན་ནན།
བདེ་ཆེན་རྫོང་གིས་གནས་སྤོར་དབུལ་སྐྱོར་གསར་སྤེལ་བྱ་བ་ནན་གྱིས་བཟུང་བ།
སྒྲོལ་མ་ཚེ་རིང་གིས་བསྒྱུར། 2010-03-12 10:57 སེམས་ཀྱི་ཉི་ཟླའི་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་ཡུལ་གཞན་གནས་སྤོར་བའི་དབུལ་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཀྱི་བྱ་བར་མཐོང་ཆེན་བྱས་ཏེ་གནས་སྤོར་ཐུབ་པ་དང་། བརྟན་པོ་ཡིན་པ། འབྱོར་ཕྱུག་ཅན་དུ་འགྱུར་བ་བཅས་གཏོང་རྒྱུ་དམིགས་འབེན་དུ་བརྩིས་ནས། ཡུལ་གཞན་གནས་སྤོར་བའི་དབུལ་སྐྱོར་གསལ་སྤེལ་དེ་དབུལ་སྐྱོར་བྱ་བའི་གནད་འགག་ཏུ་བཟུང་སྟེ་ནན་གྱིས་བཟུང་།

བདེ་ཆེན་རྫོང་དབུལ་སྐྱོར་གནས་སྤོར་ཡུལ་མིའི་གསར་སྤེལ་བྱ་བ་དེ་ནམ་ཡང་སྲིད་གཞུང་གྱི་ཁྲིད་སྟོན་འོག ཞིང་དུད་རང་འདོད་དང་། འཆར་གཞི་གཅིག་མཐུན།  གོ་རིམ་ལྟར་སྒྲུབ་པ་དང་། ཞིང་བ་གཙོ་བོར་འཇོག་པ། ས་ཞིང་བཀོད་སྒྲིག་བྱེད་པ་དང་། རང་ཁ་རང་གསོ་བྱེད་པ་གཙོ་བྱས་ནས། རྒྱལ་ཁབ་གྱིས་རོགས་སྐྱོར་བྱེད་པ་ནི་ཕལ་བ་བྱེད་པའི་རྩ་དོན་གཞིར་བཟུང་ནས། སྡེ་བའི་འཛུགས་སྐྲུན་གཙོ་བོ་དང་། གྲོང་སྡེ་ཆུང་བའི་འཛུགས་སྐྲུན། རྨོ་བསྐྱར་ནགས་སྐྱོང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་རྣམ་གྲངས་མཉམ་སྦྲེལ་བྱས་ནས་དོན་དངོས་གནད་དོན་ཐག་གཅོད་བྱས།

མཚམས་སྦྱོང་བྱས་པ་ལྟར་ན། 2009ལོར་བདེ་ཆེན་རྫོང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཁྱིམ་ཚང80ཡི་མི་འབོར400ལྷག་གི་ནོར་སྲིད་གནས་སྤོར་གསར་སྤེལ་བྱ་བ་ལག་བསྟར་བྱས་ནས་བསྡོམས་པས་དབུལ་སྐྱོར་གསར་སྤེལ་མ་དངུལ་སྒོར་ཁྲི200བཏང་བ་རེད །  །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག