༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- བོད་ཁུལ་གསར་འགྱུར།- ཡུན་ནན།
བདེ་ཆེན་ཁུལ་གྱི་མི་ཁྲི7ཙམ་དབུལ་ཕོངས་ལས་ཐར་བ།
འཇམ་དབྱངས་ཚེ་རིང་དང་སྒྲོལ་མ་ཚེ་རིང་གིས་བསྒྱུར། 2010-03-11 10:16 ཡུན་ནན་ཉིན་རེའི་ཚགས་པར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བས་སྲིད་འཛིན་སྡེ་བ་ཧྲིལ་བོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དེ་དབུལ་སྐྱོར་གསར་སྤེལ་གྱི་མ་དཔེ་རུ་བཞག་སྟེ། དབུལ་ཕོངས་ཞིང་སྡེའི་རྨང་གཞི་སྒྲིག་ཆས་དང་། སྐྱེ་ཁམས་ཁོར་ཡུག ཐུན་མོང་ལས་དོན་གྱི་འཛུགས་སྐྲུན་བཅས་ཐག་གཅོད་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ལས་དོན་ལེགས་བཅོས་བྱེད་པར་ཤུགས་བསྣན་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཁྲི7ཙམ་དབུལ་ཕོངས་ལས་ཐར་བར་སྐུལ་འདེད་བཏང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བ་དེ་རྒྱུན་ཆད་མེད་པར་དབུལ་སྐྱོར་གསར་སྤེལ་གྱི་ནང་རྐྱེན་གསར་བ་དང་མ་དཔེ་གསར་བ་རྟོག་ཞིབ་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། གཙོ་བོ་མང་ཚོགས་ཀྱི་འགྲོ་ལམ་སྟབས་མི་བདེ་བ་དང་། འཐུང་ཆུ་དཀའ་བ། སློབ་གྲྭ་འགྲིམ་དཀའ་བ། སྨན་བཅོས་བྱེད་དཀའ་བ། འཕེལ་རྒྱས་འགྲོ་དཀའ་བ་སོགས་དམངས་འཚོའི་ལས་དོན་ཐག་གཅོད་བྱས་པ་དང་། ཕྱོགས་ཡོངས་ནས་སྲིད་འཛིན་སྡེ་བ་ཧྲིལ་བོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་གསར་སྤེལ། དབུལ་སྐྱོར་སྐྱི་དངུལ། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་གསོ་སྦྱོང་། བབ་བསྟུན་གསར་སྤེལ། ཧྲང་ཧའེ་རོགས་སྐྱོར། བདེ་སྡོད་བཟོ་འགོད་སོགས་དབུལ་སྐྱོར་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྲུན་དང་རྣམ་གྲངས་གཙོ་བོ་བཅས་འཛུགས་སྐྲུན་བྱས། ན་ནིང་ལོ་མཇུག་བར་དུ། ཁུལ་ཡོངས་ཀྱིས་བསྡོམས་པས་ཀྲུང་དབྱང་དང་རིམ་པ་སོ་སོའི་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་ཁྲི30988.6བཏང་བ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི13342བཏང་། དེ་མིན་གཞན་དུའང་སྤྱི་ཚོགས་རོགས་སྐྱོར་མ་དངུལ་སྒོར་ཁྲི2010བཏང་བ་རེད།

2009ལོར་བདེ་ཆེན་ཁུལ་ཡོངས་སུ་བསྡོམས་པས་སྡེ་བ་ཧྲིལ་བོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་རྣམ་གྲངས་དེ་སྡེ་བ25ལ་ལག་བསྟར་བྱས་པ་དང་མི45028ལ་ཕན་ཐོགས། དབུལ་ཕོངས་ཞིང་སྡེའི་འགྲིམ་འགྲུལ་དང་ནུས་ཁུངས་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཤུགས་བསྣན་པ་མ་ཟད། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ། ཞིང་ཆུ་འདྲེན་པའི་སྒྲིག་ཆས་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་། སྡོད་གནས། ཐོན་སྐྱེད། འཚོ་བའི་ཆ་རྐྱེན་བཅས་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད་པ་རེད། 2009ལོའི་ལོ་མཇུག་ཏུ། ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་ཀྱིས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར13342ལ་བསླེབས་པ་དང་། ཞིང་བ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང་སྒོར2921ལ་བསླེབས་པ་རེད། །

迪庆州近7万人口脱贫

  云南省迪庆藏族自治州扶贫开发工作以行政村整村推进的扶贫开发模式,着力解决贫困乡村的基础设施、生态环境、公共事业建设和贫困群众的民生改善,促进近7万贫困人口脱贫。

  迪庆州扶贫开发工作不断探索和完善扶贫开发新机制和新模式,重点解决群众行路难、饮水难、上学难、就医难、发展难等民生问题,全面推进行政村整村推进、产业开发、信贷扶贫、劳动力转移培训、易地开发、上海帮扶、安居工程等贫困农村经济社会发展的重点项目建设。到去年底,全州累计投入中央、省级财政扶贫资金30988.6万元,上海帮扶资金13342万元,其他社会帮扶资金2010万元。

  2009年,全州共实施整村推进项目25个村,受益人口45028人。加强了贫困乡村的交通、能源等基础设施建设,增加了农牧民的收入,改善了灌溉设施,保护了生态环境,居住、生产、生活条件明显改善。2009年底,全州城镇居民人均可支配收入达14304元、农民人均纯收入达2912元。

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག