ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པ་དེ་མི་དམངས་ལ་དོན་དངོས་དང་དོན་བཟང་སྒྲུབ་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་ལེགས་པར་བསྒྲུབས། 2009ལོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས8700ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས།
འཐུང་ཆུ་དཀའ་བའི་གནད་དོན་ནི་ཡུན་རིང་ལ་བདེ་ཆེན་རྫོང་གི་རྒྱ་ཆེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་དོན་ཆེན་ཤིག་ཡིན། ཉེ་བའི་ལོ་འགའི་རིང་ལ། བདེ་ཆེན་རྫོང་གིས་མི་དམངས་མང་ཚོགས་ཀྱིས་ཆེས་ཐུགས་ཁུར་བྱེད་བཞིན་ཡོད་པ་དང་། ཆེས་ཐད་ཀར་ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པ་དེ་གཙོ་གནད་དུ་བཟུང་སྟེ། གྲོང་རྡལ་སྡོད་དམངས་ཀྱི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པ་དེ་དམངས་འཚོའི་བྱ་བ་ཁག་ཐེག་དང་ལེགས་བཅོས་བྱེད་པའི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་དང་གྲོང་ཁྱེར་ཅན་དུ་སྒྱུར་བའི་གོ་རིམ་ཁྲོད་ཀྱི་ལས་འགན་ངེས་ཅན་དུ་བརྩིས་ནས། ཆུའི་ནུས་ཁུངས་ལུགས་མཐུན་སྒོས་གསར་སྤེལ་དང་། ཕན་ནུས་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་པ། ཕྱོགས་བསྡུས་ངང་དག་ཐེར་བྱེད་པ་དང་། བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་གྲོན་ཆུང་བྱས་ཤིང་། སྲུང་སྐྱོང་ལེགས་པོ་དང་ཚན་རིག་ལྟར་དོ་དམ་བྱས་པ་བརྒྱུད། ཧུར་ཐག་སྒོས་གྲོང་རྡལ་མང་ཚོགས་ཀྱི་འཐུང་ཆུ་དཀའ་བའི་གནད་དོན་ཐག་གཅོད་བྱས་པས། འཐུང་ཆུ་བདེ་འཇགས་ལས་གཞི་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ལྷག་པར་ཇེ་མགྱོགས་སུ་བཏང་བ་རེད། །
