ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ནགས་ལས་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། 2009ལོར་སེམས་ཀྱི་ཉི་ཟླ་རྫོང་གི་རྫབ་རླངས་འཛུགས་སྐྲུན་གཙོ་ཡིན་པའི་ནུས་ཁུངས་འཛུགས་སྐྲུན་ལས་གཞི་ལ་འགྲོ་སོང་གྲོན་ཆུང་བྱས་ཏེ་ཡོང་སྒོ་སྒོར་ཁྲི87.90ཇེ་མང་དུ་སོང་བ་དང་བུད་ཤིང་ཏུན2179.5གཅོད་རྒྱུ་ཇེ་ཉུང་དུ་བཏང་བའི་གྲུབ་འབྲས་ཡག་པོ་བླངས།
ན་ནིང་། སེམས་ཀྱི་ཉི་ཟླ་རྫོང་གི་བསྡོམས་པས་རྫབ་རླངས་རྫིང་བུ1365འཛུགས་སྐྲུན་བྱས་པ་དང་། བུད་ཤིང་གྲོན་ཆུང་བྱེད་པའི་ཐབ་ཀ1000དང་ཉི་ནུས་ཆུ་སྲོ་ཆས300འཛུགས་སྐྲུན་བྱས། དེ་མིན་སྡེ་བ་རིམ་པའི་ཞུབས་ཞུ་པུའུ་དང་ཞབས་ཞུ་རུ་ཁག2བཙུགས་ཡོད་ལ། བསྡོམས་པས་མ་དངུལ་སྒོར་ཁྲི470.65བཏང་བ་དང་ཞིང་བའི་ཁྱིམ་ཚང1465ལ་ཕན་ཐོགས།
ཞིང་སྡེའི་ནུས་ཁུངས་ལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་བྱས་པ་བརྒྱུད་ནས་ཞིང་བར་ཁེ་ཕན་ཐོབ་པ་མ་ཟད། ཞིང་སྡེའི་ཁོར་ཡུག་ཇེ་ལེགས་སུ་ཡོང་བ་དང་རི་འགོག་ནགས་གསོ་ལས་གཞི། ཞིང་སྡེའི་སྐྱེ་དངོས་ནུས་ཁུངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་འཛུགས་སྐྲུན་ལ་བརྟེན་ནས་རྫོང་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་ངེས་ཅན་བཏང་། །
