ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་རྩལ་ནུས་འགྲན་བསྡུར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས“མེས་རྒྱལ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ། ལས་བཟོ་བའི་དུས་རབས་ཀྱི་ཉམས་བཟང་མངོན་པར་བྱེད”དང་། 2019ལོའི“ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར”གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

ད་རེས་ཀྱི་བྱེད་སྒོ་ལས་སློབ་མའི་ཆེད་ལས་རྩལ་ནུས་ཀྱི་ཆུ་ཚད་དང་ལས་རིགས་ཀྱི་ཀུན་སྤྱོད་གང་ལེགས་མངོན་ཏེ་སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཤུགས་ཆེན་འཕེལ་བ་དང་། སློབ་མའི་རྩལ་ནུས་ལག་རྩལ་ལ་སྦྱོང་བརྡར་ཤུགས་ཆེན་ཐེབས་པ་མ་ཟད། སློབ་མའི་ཆེད་ལས་རྩལ་ནུས་སྦྱོང་བའི་ཡིད་ཆེས་ཆེ་རུ་སོང་ཡོད། སྣ་མང་ཕུན་སུམ་ཚོགས་པའི་ལས་རིགས་སློབ་གསོའི་བྱེད་སྒོས་སློབ་མའི་སློབ་སྦྱོང་དང་དགེ་རྒན་གྱི་སློབ་ཁྲིད་ལ་ཕན་པའི་མི་སྐྱོང་གི་ཁོར་ཡུག་ཅིག་སྔར་བས་བཏོད་པ་མ་ཟད། སློབ་གྲྭ་དང་ཆེད་ལས་ཁག་འཕེལ་རྒྱས་གཏོང་བར་ཡང་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།