བོད་སྡོད་དཔུང་སྡེ་ཞིག་གིས“གཅིག་དྲུག”གི་བྱེད་སྒོ་ཏན་ཏིག་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ཚུན་དུ། བོད་སྡོད་དཔུང་སྡེ་ཞིག་གིས་ལས་བྱེད་པའི་གོ་གནས་ལེགས་སྒྲིག་དང་དཔུང་སྡེ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པའི་བླང་བྱར་གཞིགས་ཏེ“གཅིག་དྲུག”གི་བྱེད་སྒོ་སྤེལ་བ་རེད།

གཅིག་ནས་སྙིང་གཏམ་ཤོད་རེས་ཀྱི་བྱེད་སྒོ་སྤེལ་ཞིང་། གསར་དུ་ལས་བསྐོས་བརྒྱབ་པའི་ལས་བྱེད་པས་གྲ་སྒྲིག་དམག་ཞབས་དཔུང་སྡེའི་གོ་གནས་ཀྱི་ནུས་པ་དང་། དམིགས་ཚད་ལས་འགན། ལས་ཀའི་འགན་འཁྲི་སོགས་ཐད་ནས་ལས་གནས་གསར་པར་ཤེས་རྟོགས་བྱས་ཏེ་ལས་བྱེད་པ་གསར་པའི་ལས་འགན་འཁུར་བའི་འཇོན་ཐང་ཆེ་རུ་བཏང་བ་དང་། གཉིས་ནས་བཅར་འདྲིའི་བྱེད་སྒོ་སྤེལ་ཞིང་། འགན་གསར་པ་བཞེས་པའི་ལས་བྱེད་པས་གྲོང་ཁྱེར་དང་རྫོང་ཆུས་ཀྱི་ལས་འགན་འཁུར་རྩིས་ཡོད་པའི་དམག་དཔོན་ལ་གནས་ཚུལ་ངོ་སྤྲོད་དང་ལས་ཀ་སྙན་སེང་ཞུ་རུ་བཅུག་སྟེ་ལས་བྱེད་པར་ཁོར་ཡུག་གསར་པར་འཚམ་པ་དང་གནས་ཚུལ་གསར་པ་སྔར་བས་ཤེས་རྟོགས་ཡོང་བ་བྱས་པ། གསུམ་ནས་གནས་ཚུལ་ལ་ཞིབ་འཇུག་ཐེངས་ཤིག་བྱ་རྒྱུའི་སྒྲིག་འཛུགས་བྱས་ཤིང་། ཚན་པའི་དོན་དངོས་གཞིར་བཟུང་ལས་འགན་འགན་ལེན་དང་། དམག་མིའི་སྟོབས་ཤུགས་བཀོད་སྒྲིག་གསལ་པོ་བྱེད་པ། སྔོན་བཀོད་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ། བཞི་ནས་དམག་དོན་དཔྱད་ཞིབ་ཐེངས་ཤིག་སྒྲིག་འཛུགས་བྱས་ཤིང་། གྲ་སྒྲིག་དམག་ཞབས་དམག་འཐབ་དཔུང་སྡེ་ལྟར་བསྐྲུན་ཏེ། འཐབ་ར་བཀོད་སྒྲིག་དང་། དཔྱད་ཞིབ་ཀྱི་ནང་དོན། དུས་ཚོད་ཀྱི་ཚད་གཞི་བཅས་ཀྱི་བླང་བྱར་ནན་པོ་གཞིགས་པ་དང་། ལས་དོན་མཐའ་དག་དངོས་འཐབ་ལ་གཞི་ཚུགས་པ། དཔོན་དམག་གི་དམག་དོན་གྱི་བྱང་ཚད་ཁོང་དུ་ཆུད་པ་བཅས་བྱས་ནས་དམག་དོན་སྦྱོང་བརྡར་ཡག་པོ་ཡོང་བར་སྐུལ་འདེད་བཏང་བ། ལྔ་ནས་ཟླ་གཅིག་རིང་གི“བཀའ་ཁྲིམས་སློབ་སྦྱོང་དང་། སྒྲིག་སྲོལ་ནན་པོ། སྒྲིག་ཁྲིམས་སྲུང་བ། གཟུགས་བརྙན་གཏོད་པ”བཅས་ཀྱི་བྱེད་སྒོ་སྤེལ་ནས་ལམ་ལུགས་ནན་པོ་དང་ཚད་ལྡན་སྒྲིག་ལམ་གྱི་ཐོག་ནས་དམག་སྒར་གྱི་གཟུགས་བརྙན་ཡག་པོ་བཏོད་པ། དྲུག་ནས་བདེ་འཇགས་ཀྱི་ཞིབ་བཤེར་ཆེན་པོ་ཐེངས་གཅིག་བྱས་ཤིང་། སྣུམ་གློག་རླངས་གསུམ་དང་། ཆུ། མེ། མི་སྣ། རླངས་འཁོར། ཆ་འཕྲིན་དོ་དམ་སོགས་ཐད་ནས་རྩ་བ་ཡིན་པའི“མི”མངོན་གསལ་དོད་པོ་ཡོང་བ་དང་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་གཞིགས་ཏེ། བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་། རྩིས་ཁྲ་འབྲི་བ་དང་སུབ་པ། དག་ཐེར་གྱི་བྱེད་ཐབས་བཟོ་བ་བཅས་བྱས་ཏེ་དམག་སྒར་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།