2019ལོར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས་ཁག་བཅུ་སྒྲུབ་རྒྱུ་རེད།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དྲུག་པ་གཟབ་རྒྱས་ངང་འཚོགས་པ་དང་། ད་ཐེངས་ཀྱི་ཚོགས་འདུར་ཞུགས་འོས་པའི་འཐུས་མི240ཡོད་པ་དང་། དངོས་སུ་ཞུགས་མཁན220ཡོད་པས། ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་པ་རེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་ཧྲི་ཀྲང་དབང་འདུས་ཀྱིས་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུ་ཕུལ་ཞིང་། སྙན་ཞུར2018ལོའི་ལས་དོན་ལ་ཕྱི་མིག་བལྟ་བ་དང2019 ལོའི་ལས་དོན་བཀོད་སྒྲིག་ཅེས་ཁག་ཆེན་པོ་གཉིས་སུ་དབྱེ་ཡོད་པ་རེད།

གྲོས་ཚོགས་ཀྱིས།2018 ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་། བརྟན་བརླིང་ངང་ཡར་ཐོན་དོན་གཉེར་དང་ཡར་འགྲོ་ཡག་བརྩོན། ཞན་ཆ་ཁ་གསབ་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོར་བྱེད་པ། “བརྟེན་པ་བཅུ་གསུམ་གྱི་འབྲེལ་བ”ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་རྩ་བའི་བྱེད་ཐབས་ཏུ་འཛིན་པ། བློ་ཐག་རྦད་བཅད་ཀྱིས་གནད་སྨིན་དབུལ་སྒྲོལ་དང་སྦགས་བཙོག་འགོག་བཅོས། ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་བྱེད་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་རྒྱག་པ། སྣོད་བཅུད་དང་གོང་སྤེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱས་ཡོད། སྔོན་དཔག་ལྟར་ན2018ལོར་གྲོང་ཁྱེར་ས་གནས་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར150ལེགས་འགྲུབ་བྱུང་ཐུབ་པ་དང་དུས་མཚུངས་ལས11%འཕར་སྣོན་བྱུང་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར13.1ཡིན་ལ་དེ་དུས་མཚུངས་ལས0.3%འཕར་སྣོན་བྱུང་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར160ཡིན་ལ་དུས་མཚུངས་ལས7%ཆག་ཡོད་པ།སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར42.2ཡིན་ལ། དུས་མཚུངས་ལས17%འཕར་སྣོན་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར29990དང་། སྒོར15163ཡིན་ལ་དུས་མཚུངས་དང་བསྡུར་ན་སོ་སོར11.3%དང13.1%འཕར་སྣོན་བྱུང་ཡོད་པ།  གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་འཕར་ཚད1.2%ཡིན་ལ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱུང་ཡོད་ཅེས་བསྟན་འདུག

དབང་འདུས་ཀྱིས་སྙན་ཞུའི་ནང2019 ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཏོན་པ་སྟེ། གྲོང་ཁྱེར་ས་གནས་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར10.5%ཡན་འཕར་རྒྱུ་དང་།ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས10%ཡས་མས་འཕར་སྣོན་གཏོང་པ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས12%ཡས་མས་འཕར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར11%དང13% ཡས་མས་འཕར་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད3%ནང་ཚོད་འཛིན་བྱ་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་སྟོན་གྲངས་མུ་མཐུད་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་དགོས་པའོ།

གྲོས་ཚོགས་ཀྱིས་ཕྱོགས་བཅུའི་ཐོག་ནས2019 ལོའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་ཡོད་དེ། གཅིག་ནི“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ལ་དམིགས་པ་གཏད་དེ་འབྱོར་འབྲིང་བརྟན་པོ་བཟོ་བའི་རྨང་གཞིའི་ཐོག་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་གཏོང་པ། གཉིས་ནི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་སྒྱུར་བཅོས་བྱེད་པའི་ཐོག་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱ་དགོས། གསུམ་ནི་ཁྱད་ལྡན་གྱི་ཐོན་ལས་དམ་འཛིན་ནན་པོ་བྱ་རྒྱུ་སྟེ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ཐད་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱ་དགོས། བཞི་ནི་གྲོང་རྡལ་དང་གྲོང་ཁྱེར་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐོག་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱ་དགོས། ལྔ་ནི་གྲོང་གསེབ་དར་རྒྱས་ལ་དམིགས་པ་དང་།“ཞིང་གསུམ”ལས་ཀའི་ཐོག་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱ་དགོས། དྲུག་ནི་དམངས་འཚོའི་ཀུན་ཕན་ལས་དོན་མངོན་གསལ་དོད་དགོས་ཤིང་། མང་ཚོགས་ལ་བདེ་སྐྱིད་སྐྲུན་ཐོག་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱ་དགོས། བརྒྱད་ནི་སྣོད་བཅུད་སྔོན་ལ་འཇོག་པ་དང་། མཛེས་སྡུག་ལྡན་པའི་ཉིང་ཁྲི་འཛུགས་བསྐྲུན་ཐོག་ཐོག་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱ་དགོས། དགུ་ནི་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པའི་ཐོག་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱེད་རྒྱུ། བཅུ་ནི་འགན་ནུས་བསྒྱུར་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། སྲིད་གཞུང་རང་ངོས་འཛུགས་སྐྱོང་ཐད་ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་བྱ་དགོས།

གྲོས་ཚོགས་ཀྱིས2019ལོར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས་ཁག་བཅུ་བསྒྲུབས་རྒྱུའི་སྐོར་ནན་གྱིས་བསྟན།

གཅིག་ནི་ལོ་ཧྲིལ་པོར་ལས་ཞུགས་ལས་གནས་གསར་པ4600འབྱེད་རྒྱུ་དང་ལས་ཞུགས་དེ་བས་གང་ལེགས་བྱ་དགོས།

གཉིས་ནི་གྲོང་ཁྱེར་དེ་ཡོངས་ཀྱི་དུད་ཚང4447གྱི་མི་གྲངས་ཁྲི2.66གི་བདེ་འཇགས་འཐུང་ཆུའི་ལས་གྲྭ་ལག་བསྟར་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་པ།

གསུམ་ནི་ཤ་གསར་འཁོར་རྒྱུག་ལ་ཕུགས་འདེད་གཏོང་བའི་མ་ལག་འཛུགས་སྐྱོང་བྱས་ཏེ་། རྒྱ་ཆེའི་འཛད་སྤྱོད་པའི་བློ་བདེའི་ཤ་ཟས་ཆོག་པ་བྱ་རྒྱུ།

བཞི་ནི་གྲོང་ཁྱེར་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་མ་ཡིན་པར་བཟའ་བཏུང་གཅིག་སྡུད་མཁོ་འདོན་གྱི་ཚོད་ལྟའི་ལས་དོན་ལག་བསྟར་བྱས་ནས་ཁྱིམ་བདག་གི་འཁུར་པོ་ཡང་དུ་གཏོང་རྒྱུ།

ལྔ་ནི་སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་ཁྲི3389ཡི་སྡོད་ཁང་བཅོས་སྒྱུར་བྱས་ནས་མང་ཚོགས་ཀྱི་སྡོད་ཁང་ལ་འགན་སྲུང་བྱེད་པ།

དྲུག་ནི་ས་བབ་མཐོ་བའི་གྲོང་བརྡལ9ཡི་དྲོད་རླངས་གཅིག་སྡུད་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱས་ནས་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།

བདུན་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སྐྲུན་འགོ་བཙུགས་ནས་རྒས་དུས་འཚོ་བརྟེན་ཡོད་པ་མངོན་འགྱུར་བྱ་རྒྱུ།

བརྒྱད་ནི་གྲོང་ཚོའི་གྲོང་ལམ63གྱི་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་ལག་བསྟར་བྱས་ཏེ། གྲོང་ཚོའི་གཞུང་ལམ་གྱི་བདེ་འཇགས་སྲུང་ཚད་མཐོ་རུ་གཏོང་རྒྱུ།

དགུ་ནི་རྫོང་དང་ཆུས7སྨན་ཁང་དུ་ཨང་རིམ་གཉིས་པའི་ཚད་རིམ་གཉིས་པའི་སྨན་ཁང་འཛུགས་གཏོད་བྱེད་སྒོ་སྤེལ་ཏེ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ།

བཅུ་ནི་གྲོང་ཁྱེར་སྤྱི་གླིང་སྒྱུར་བཀོད་རིམ་སྤོར་བྱས་ཏེ་གྲོང་མིའི་ཡུལ་སྐོར་སྤྲོ་གསེང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།