བོད་ཀྱི་ས་གནས་ཁྱད་ལྡན་ཐོན་ཁུངས་རྣམ་གྲངས་ལྔ་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བོད་ལྗོངས་ཡན་ལག་ལྟེ་གནས་ནས་བཟོས་པའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཞེས་པའི་སྣ་མང་སྨྱན་སྦྱོར་ཐོན་ཁུངས་མཛོད་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་རྣམ་གྲངས5ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་ཡོད།  དེ་ལྟར་རིག་གནས་མཉམ་སྤྱོད་ལས་གཞི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་སྤྱི་ལོ2015ལོའི་གོང་དུ་རེ་ཞུ་ཐོ་འགོད་བྱས་པའི་གཏན་འཁེལ་རྣམ་གྲངས་ཚང་མར་དུས་བཀག་ལྟར་རྒྱལ་ཁབ་ནས་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ་རེད།  

ཤེས་རྟོགས་བྱས་པར་གཞིགས་ན།  རིག་གནས་མཉམ་སྤྱོད་ལས་གཞི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་རེ་ཞུ་བྱས་པའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཞེས་པའི་སྣ་མང་སྨྱན་སྦྱོར་གྱི་ཐོན་ཁུངས་མཛོད་དང་།  བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་ཀུན་བཏུས་ཞེས་པའི་ཁྲོད་ཀྱི་ལུགས་རྒྱག་སྟངས་ཀྱི་སྣ་མང་སྨྱན་སྦྱོར་ཐོན་ཁུངས་མཛོད།  བོད་ཀྱི་རིག་གནས་ཆེ་ཆུང་བཅུའི་ཆེད་དོན་འཆད་ཁྲིད་ཐོན་ཁུངས་མཛོད་ཅེས་པའི་ཁྲོད་ཀྱི་སྒྲ་རིག་པའི་མུ་འབྲེལ་འཆད་ཁྲིད།  བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་ཀུན་བཏུས་ཞེས་པའི་ཁྲོད་ཀྱི་བོད་ཤོག་དང་བོད་ཀྱི་སྣག་ཚ།  པར་ཤིང་བརྐོས་རིས་བཅས་རིག་གནས་ཀྱི་ཆེད་དོན་པར་གཞི།  རྒྱལ་ཁབ་རིམ་པའི་བོད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་ཆེད་དོན་པར་གཞི་བཅས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ལྔ་པོ་དེ་དག་བརྙན་ལམ་དང་པར་རིས།  ཡི་གེ་སོགས་ཀྱི་རྣམ་པའི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་མངོན་པར་བྱས་ཡོད་པ་དང་།  བོད་ལྗོངས་མི་རིགས་ཀྱི་སྟོང་ལ་ཉེ་བའི་སྲོལ་རྒྱུན་རིག་གནས་ཐོ་འགོད་ཞིབ་ཕྲ་བྱས་ཡོད་ཅིང་།  དེའི་དམིགས་ཡུལ་ནི་ཐོན་ཁུངས་གྲངས་གཞི་ཅན་གྱི་སྲུང་སྐྱོང་བརྒྱུད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དེ་རེད།

དཔྱད་ཞིབ་རིགས་གཅིག་མཁས་དབང་རྣམས་ནས་ཐོན་ཁུངས་མཛོད་འཛུགས་སྐྲུན་གྱི་ཁྲིད་ཕྱོགས་ཡང་དག་པ་མ་ཟད།  རྣམ་གྲངས་ཀྱི་བརྗོད་དོན་གཙོ་བོའི་དོན་སྤྱི་དང་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ཡོད་པའི་ཐོག་རིག་གནས་རྒྱུན་འཛིན་དང་རྒྱུད་སྤེལ་ལ་ཡང་ལྟ་རྟོག་ཐུབ་ཡོད་ཅིང་།  བསམ་བློའི་རང་བཞིན་དང་ཤེས་བྱའི་རང་བཞིན།  སྒྱུ་རྩལ་གྱི་རང་བཞིན་བཅས་གཅིག་གྱུར་ཐུབ་ཡོད་པའི་ངོས་འཛིན་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།