བོད་ལྗོངས་ཀྱིས་ཆབ་མདོ་འཇོ་མདའི་ས་གཤིས་གནོད་འཚེར་འཕྲལ་སྡོམ་བྱ་སྤྱོད་རིམ་པ་དང་པོ་སྤེལ་འགོ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས5ཉིན།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་འཕྲལ་སྡོམ་དོ་དམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2018ལོའི་ཟླ411པའི་ཚེས3ཉིན་གྱི་ཕྱི་དྲོའི་ཆུ་ཚོད 5དང་སྐར་མ15ཙམ་ལ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་པད་དགེ་གྲོང་ཚོར10པའི11ཉིན་གྱི་རི་རུད་ཐོན་སར་སླར་ཡང་རི་ཉིལ་བའི་གནོད་འཚེ་ཐོན་ནས་འབྲི་ཆུ་འགག་སྟེ་འཁྱིལ་མཚོ་ཆགས་པ་དང་།  སྤྱི་ཟླ11པའི་ཚེས5ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པ་བར་འཁྱིལ་མཚོའི་ཆུ་ཁ་ཁྱོན་སྤྱི་ཁྲེ28.55མཐོ་རུ་ཕྱིན་ནས།  འཁྱིལ་མཚོར་ཆུ་གསོག་ཐེབས་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.74ཙམ་ཟིན་པ་རེད།  གློ་བུར་དུ་ཐོན་པའི་ས་གཤིས་གནོད་འཚེར་འཕྲལ་སྡོམ་སྔོན་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།  དེ་ཁུལ་དུ་གེགས་སེལ་ལས་དོན་དང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་འགོག་བཅོས་ལས་དོན་སྤེལ་རྒྱུར་རོགས་རམ་བྱ་ཆེད།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྱི་ཟླ11པའི་ཚེས5ཉིན་གྱི་དགོང་མོའི་ཆུ་ཚོད10དང་སྐར་མ30ཡི་ཐོག  ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་ས་གཤིས་གནོད་འཚེར་འཕྲལ་སྡོམ་བྱ་སྤྱོད་རིམ་པ་དང་པོ་སྤེལ་འགོ་བཙུགས་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།