བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཇོ་མདའི་གནོད་འཚེར་རིམ་པ་དང་པོའི་འཕྲལ་སྡོམ་བྱ་ཐབས་ལག་ལེན་བསྟར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས5ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་འཕྲལ་སྡོམ་དོ་དམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། ཟླ11ཚེས3ཉིན་གྱི་ཆུ་ཚོད17དང་སྐར་མ15ཙམ་ལ། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་པད་དགེ་གྲོང་ཚོའི“10·11”རི་ཉིལ་ཡུལ་དུ་སླར་ཡང་རི་ཉིལ་ནས་འབྲི་ཆུ་འགགས་ཏེ་འཁྱིལ་མཚོ་ཆགས་ཤིང་། ཟླ11ཚེས5ཉིན་གྱི་ཆུ་ཚོད20ཙམ་བར། འཁྱིལ་མཚོའི་ཆུ་ཁ་རྒྱས་ཚད་སྨི28.55ཟིན་པ་མ་ཟད། ཆུ་གསོག་ཚད་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར1.74ཙམ་ཟིན་ཡོད། 

《བོད་རང་སྐྱོང་ལྗོངས་ཀྱི་ཐོལ་བྱུང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་སྔོན་འགོད་ཇུས་གཞི》ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ས་གནས་དེ་གར་རྒུད་སྐྱོབ་དང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་འགོག་བཅོས་བྱེད་རོགས་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཟླ11ཚེས5ཉིན་གྱི་ཆུ་ཚོད22དང་སྐར་མ30ལ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་ས་གཤིས་གནོད་འཚེར་རིམ་པ་དང་པོའི་འཕྲལ་སྡོམ་བྱ་ཐབས་ལག་ལེན་བསྟར་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།