ཆབ་མདོ་འཇོ་མདའ་རྫོང་དུ་ཡང་བསྐྱར་རི་ཉིལ་བ།

W020181104514507411436.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་འཕྲལ་སྒྲུབ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཇོ་མདའ་རྫོང་སྤོ་ལོ་ཤང་གི་ཟླ10པའི་ཚེས11ཉིན་གྱི་རི་ཉིལ་གནས་ཚུལ་གྱི་ཡུལ་དངོས་ལས་རེས་མི་སྣས། ཟླ11པའི་ཚེས3ཉིན་གྱི་ཆུ་ཚོད17དང་སྐར་མ40ཡས་མས་སུ། སྤོ་ལོ་ཤང་པད་དགེ་གྲོང་ཚོའི་ཁ་སྔོན་རི་ཉིལ་བྱུང་སར་སླར་ཡང་རི་ཉིལ་བའི་གནས་ཚུལ་ཐོན་ཚུལ་བརྗོད་པ་དང་། མིག་སྔར་མི་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།

W020181104514507708073.jpg

W020181104514507678302.jpg

ཡུལ་དངོས་ཀྱི་ལས་རེས་མི་སྣས་བལྟ་དཔྱད་ཚད་ལེན་བྱས་པ་ལྟར་ན། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁ་ཆ་སྙོམས་ཆུ་ཚོད་རེར་སྨིད1ལྷག་ཙམ་མཐོ་རུ་འགྲོ་བ་དང་། རི་ཉིལ་བའི་གཞི་ཁྱོན་དེ་ཁ་སྔོན་ཟླ10པའི་ཚེས11ཉིན་གྱི་རི་ཉིལ་ལས་ཆེ་བ་ཡོད་པས། ཐོག་མའི་ཚོད་དཔག་ལྟར་ན། འབྲི་ཆུའི་ཆུ་རྒྱུགས་མཚམས་ཆད་པ་མ་ཟད་འགག་འཁྱིལ་མཚེའུ་ཆགས་ཟིན་ཡོད་པ་རེད། 

W020181104514508004976.png

W020181104514508414099.png

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།