བོད་ལྗོངས་ཀྱི་སྡེ་ཚན་ཁག་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་དང་གཉིས་པ་ཀློག་དེབ་གཙོ་བོར་བྱེད་པ། གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་ཐད་འབད་བརྩོན་བྱེད་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་། རིགས་པའི་གཞུང་ལུགས་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གཅིག་སྒྲིལ་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་གསར་གཏོད་དང་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་དང་གཉིས་པ་སློབ་སྦྱོང་བྱས་པ་རེད། ཚད་མཐོའི་མཐོང་ཆེན་བྱས་ཏེ་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་ཅིང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་ལས་བྱེད་གཙོ་བོས་སྣེ་ཁྲིད་དེ་མ་རྩོམ་ཀློག་པ་དང་། མ་རྩོམ་སྦྱོང་བ། རྩ་བའི་རིགས་པར་གོ་བ་ལེན་པ་བཅས་ནས་མིག་དཔེ་བསྟན་ཏེ་རིམ་པ་གཅིག་གི་སློབ་སྦྱོང་རིམ་པ་གཅིག་ལ་ལྟ་རུ་འཇུག་པ་དང་རིམ་པ་གཅིག་གིས་རིམ་པ་གཅིག་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ཏེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་དང་གཉིས་པ་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བའི་ཚ་རླབས་འཕྱུར་བ་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་རིམ་ཁག་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་གི་གྲུབ་འབྲས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་བྱེད་ཐབས་གསར་གཏོད་དང་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ནས་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་རང་འགུལ་རང་བཞིན་སྐོང་འཐེན་བྱས་པ་རེད།

ཉིན་ཤས་བསྟུད་མར་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས“མཐར་ཕྱིན་སྦྱོང་བ་དང་། ཆེད་མངགས་སྦྱོང་བ། ཞིབ་ཕྲ་སྦྱོང་བ”བཅས་ཀྱི་ཟུང་འབྲེལ་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་དང་གཉིས་པ་སྦྱོང་བའི་ཚ་རླབས་འཕྱུར་བར་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། བོད་ལྗོངས་གཏམ་བརྗོད་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཐོན་ཀྲང་གཞོན་པ་ཝང་ཆོན་ཕིང་གིས་གསར་འགོད་པར“《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ནི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གསུང་རྩོམ་ཞིག་ཡིན་མོད། འོན་ཀྱང་སྐད་ཆ་བབ་ཆགས་པ་དང་། རྩོམ་སྲོལ་ཁ་གསལ། གསོན་ཉམས་ལྡན་ལ་ལྟ་འདོད་པ། རྒྱུན་མཐུད་རང་བཞིན་ཆེ་བ་བཅས་ཡོད། གསུང་རྩོམ་དེས་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་རྒྱུར་གཞོགས་འདེགས་ཀྱི་ནུས་པ་ཐོན་ཡོད”ཅེས་བཤད།

ཉིན་ཤས་གོང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སློབ་སྦྱོང་སློབ་གསོ་གཏིང་ཟབ་ངང་སྤེལ་རྒྱུ་དང་སློབ་སྦྱོང་བྱེད་སྒོ་ཕྱི་ཚུལ་ཙམ་དང་རྣམ་པ་ཙམ་མི་ཡོང་བའི་ཆེད། པ་སྣམ་རྫོང་གིས་ལྟ་ཀློག་དང་། འབྲི་བ། སྒྲོག་འགྲེལ། ཤོད་པ་བཅས་ཀྱི་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱེད་ཐབས་མི་དང་བྱ་བའི་ཐོག་དོན་འཁྱོལ་ཏན་ཏིག་བྱས་ཏེ་ལེའུ་དང་དུམ་མཚམས་རེ་རེ་བྱས་ནས་ལྟ་ཀློག་གིས་བསམ་བློར་ཟུག་ཐུབ་པ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་གནད་དོན་དངོས་ཐག་གཅོད་བྱེད་པའི་ནུས་པར་འགྱུར་བར་བྱས་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》གསུང་རྩོམ་ནང་དོན་གཙོ་བོ་དང་ལས་མཁོའི་དེབ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ། རྫོང་དེའི་ཏང་ཡོན་ཚང་མས་ཆུ་ཚོད་བརྒྱད་ཀྱི་ལས་ཀའི་དུས་ཚོད་ཕུད་ལོགས་སུ་ཁོམ་པ་བཙལ་ནས་གསུང་རྩོམ་སློབ་སྦྱོང་བྱས་པ་དང་འབྲེལ་ཡིག་འབྲུ་500ལས་མི་ཉུང་བའི་ཟིན་ཐོ་བཀོད་པ་དང་ཏང་ཡོན་ལས་བྱེད་པ་ཚང་མས་ཟླ་རེར་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་ཉུང་ཤོས་ལའང་མྱོང་ཚོར་རམ་ཡང་ན་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་གཅིག་བྲིས་ཡོད། ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་གཞི་རིམ་རྩ་འཛུགས་འཚོ་བའི་ཚོགས་འདུ་སོགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་ཚང་མས་ཏང་ཡོན་གྱི་ཚད་གཞི་དང་བསྡུར་ནས་ཏང་ཀྲི་པུའི་ཚོགས་འདུའི་ཐོག་སྤེལ་རེས་བྱས་པ་དང་འབྲེལ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། ཕན་ཚུན་བསམ་འཆར་དང་གྲོས་འགོ་འདོན་པ། ཏང་ཡོན་གྱི་སྐྱོན་ཆ་ཡོ་བསྲང་བྱེད་རོགས་བཅས་བྱས་པས་དད་སེམས་བརྟན་དུ་ཕྱིན་པ་མ་ཟད། ཏང་གཤིས་བློ་སྦྱོང་ཡང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།