བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་སྲུང་བྱང་བའི་ཆ་འཕྲིན་འཚོལ་བསྡུའི་ལས་འགན་ལེགས་འགྲུབ་བྱུང་།

137523169_15391592642551n.jpg

འདི་ནི་མང་ཚོགས་ལས་འགུལ་སྐྱོད་སྟབས་མི་བདེ་བ་དང་། དུས་ཡུན་རིང་པོར་ནད་ཀྱིས་མནར་བ། དབང་པོ་སྐྱོན་ཅན་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་སྲུང་བྱང་བའི་ཆ་འཕྲིན་འཚོལ་བསྡུའི་ལས་དོན་ཁྲོད་རང་འགུལ་སྒོས་ཁྱིམ་དུད་སོ་སོར་སོང་ནས་ཆ་འཕྲིན་འཚོལ་བསྡུ་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས4ཉིན་བར་དུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་སྤྱི་ཚོགས་འགན་སྲུང་བྱང་བའི་ནང་ཕན་ཡོད་བརྡ་འཕྲིན263440འཚོལ་བསྡུ་བྱས་པ་དང་། ནུས་ལྡན་རང་བཞིན100%སླེབས་ཡོད་དེ།  དེའི་ནང་དྲ་ཐོག་ནས73722འཚོལ་བསྡུ་བྱས་པ་དང་། ལག་ཁྱེར་ཁ་པར་གྱིAPPསྟེང189718འཚོལ་བསྡུ་བྱས་མཐར་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི120.82%ལེགས་འགྲུབ་བྱས་ནས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་བྱང་བའི་ཆ་འཕྲིན་འཚོལ་བསྡུའི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། དམིགས་ཚད་ལས་འགན་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་གྲུབ་བྱུང་ཆེད། ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བྱེད་སྟངས་དང་བྱེད་ཐབས་མུ་མཐུད་གསར་གཏོད་བྱས་ནས་ཁྱད་པར་ཅན་གྱི་མི་ཚོགས་མི་འདྲ་བར་དམིགས་ནས་ཆ་འཕྲིན་འཚོལ་བསྡུ་བྱས་པ་དང་། སྐོར་སྐྱོད་འཚོལ་བསྡུ་དང་རྒྱུན་གཏན་གྱི་འཚོལ་བསྡུ་ཟུང་འབྲེལ་བྱས་ཏེ་ཡུལ་དངོས་སུ་འཚོལ་བསྡུ་དང་ལག་ཁྱེར་ཁ་པར་གྱིAPPསྟེང་འཚོལ་བསྡུ་བྱེད་པའི་ཐབས་ལམ་གྱིས་འཚོལ་བསྡུའི་ལས་ཆོད་དང་བྱ་བའི་སྤུས་ཚད་ཇེ་མཐོར་བཏང་། 

137523169_15391592644581n.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་གི་ལས་བྱེད་མི་སྣས་སློབ་གྲྭར་སྐོར་སྐྱོད་འཚོལ་བསྡུ་བྱས་ནས་སྤྱི་ཚོགས་འགན་སྲུང་གི་གཞི་གྲངས་འཚོལ་བསྡུ་བྱེད་བཞིན་པ། 

137523169_15391592645671n.jpg

འདི་ནི་ལྷོ་བྲག་རྫོང་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་འཚོལ་བསྡུ་མི་སྣ་གཞི་རིམ་དུ་བསྐྱོད་དེ་ཆ་འཕྲིན་བསྡུ་ལེན་བྱེད་བཞིན་པ། 

137523169_15391592646611n.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་གི་ལས་བྱེད་མི་སྣས་སྣེ་གདོང་རྫོང་གྲོང་མི་ཨུ་ལྷན་དུ་སྐོར་སྐྱོད་འཚོལ་བསྡུ་བྱེད་བཞིན་པ།

137523169_15391592647701n.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་གི་ལས་བྱེད་མི་སྣས་སྣེ་གདོང་རྫོང་གྲོང་མི་ཨུ་ལྷན་དུ་སྐོར་སྐྱོད་འཚོལ་བསྡུ་བྱེད་བཞིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།