ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་དབུལ་སྐྱོར་གྱི་བྱ་ཐབས་དངོས་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་རྣམ་གྲངས་སོགས་ནང་ཧུར་ཐག་ཞུགས་ཏེ་དངུལ་རྩའི་དབུལ་སྐྱོར་གྱི་གཙོ་ཤུགས་དམག་ཏུ་འགྱུར་རྒྱུའི་བརྩོན་ལེན་བྱས་ཡོད། ཟླ7པའི་ཟླ་མཇུག་བར་དངུལ་ཁང་དེའི་དབུལ་སྐྱོར་གྱི་དངུལ་བུན་ཁག་གི་ལྷག་གྲངས(དུས་ཚད་སླེབས་ཀྱང་བུན་གཡར་བས་དངུལ་བུན་གཏོང་མཁན་གྱི་བུ་ལོན་འཇལ་མེད་པའི་བསྡོམས་འབོར)སྒོར་དུང་ཕྱུར766ཟིན་ནས་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཨང་དང་པོར་སླེབས་པ་དང་། དེས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི300ལྷག་ཙམ་ལ་ཕན་པ་ཐོབ་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཞིང་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་དངུལ་ཁང་དེས་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། མ་དངུལ་གྱི་གནོན་ཤུགས་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ལས་ཀའི་ཉིན་མོ10ཡི་ནང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དངུལ་བུན་སྒོར་དུང་ཕྱུར150.13ཞིབ་མཆན་སྤྲད་ནས་གཡར་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི26.3ལ་ཁྱབ་ཡོད་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ900ལྷག་ཙམ་འཛུགས་སྐྲུན་བདེ་བླག་ཡོད་པ་དང་མང་ཚོགས་ཁྲི་བཅུ་གྲངས་ཁ་ཤས་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྤོས་པ་རེད།

དབུལ་སྒྲོལ་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་མྱུར་པོ་བྱ་ཆེད། དངུལ་ཁང་དེས་སྲིད་གཞུང་གིས་ཞིབ་མཆན་བཀོད་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལ་བུན་གཡར་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་པ་མ་ཟད། ཐོན་ལས་དབུལ་སྐྱོར་གྱི་བུན་གཡར་ཆེད་དངུལ་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།