ཀྲུང་གོ་ཞིང་ལས་གོང་འཕེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དམངས་འཚོའི་ཐད་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཆེ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཞིང་ལས་གོང་འཕེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2015ལོ་ནས་བཟུང་དངུལ་ཁང་དེས་རྒྱལ་ཁབ་ཀྱིས་བོད་ལྗོངས་ལ་འཛིན་པའི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་ལ་གང་ལེགས་བརྟེན་ཏེ།  ལྗོངས་ཡོངས་ཀྱི་ཆུ་བེད་གོང་འཕེལ་འཆར་འགོད་གཞིར་བཟུང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཐད་དངུལ་བུན་གཏོང་བའི་ལས་ཀར་སྐུལ་སྤེལ་ཤུགས་ཆེ་བཏང་ཡོད།

ད་ལོའི་སྤྱི་ཟླ7པའི་ཟླ་མཇུག་བར་ཀྲུང་གོ་ཞིང་ལས་གོང་འཕེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཤིན་ཏུ་དབུལ་བའི་རྫོང34དང་།  མཐའ་མཚམས་རྫོང14ཡི་འཐུང་ཆུ་དང་ཆུ་འདྲེན།  ཆུ་ལོག་སྔོན་འགོག  ས་ཆུ་སྲུང་འཛིན་སོགས་དང་འབྲེལ་བའི་དམངས་འཚོའི་ཆུ་བེད་རྣམ་གྲངས150ལྷག་ཙམ་ལ་དངུལ་བུན་སྒོར་དུང་ཕྱུར32ཙམ་བཏང་བར་མི་ཁྲི་ཚོ30ལྷག་ཙམ་ལ་ཕན་པ་ཐོབ་ཡོད།  རྣམ་གྲངས་དེ་ལག་བསྟར་ཟིན་རྗེས་དུད་ཚང39000ལྷག་ཙམ་གྱི་མི་ཁྲི་ཚོ25.8དང་འབྲེལ་བའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ཀྲུང་གོ་ཞིང་ལས་གོང་འཕེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཆུ་བེད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་མ་དངུལ་དང་རིག་སྟོབས།  བརྩེ་སེམས་བཅས་རྒྱུན་འཁྱོངས་བྱས་ནས།  རང་འགུལ་ངང་མཐུན་སྦྱོར་སྦྲེལ་མཐུད་དང་ཁྱད་པར་ཅན་གྱི་དོ་དམ་བྱེད་པ།  མཐུན་རྐྱེན་སྦྱོར་བ།  མ་ཉར་ཁེ་ཆུང་གི་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ།  ལྗོངས་ཡོངས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས།  ཞིང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སྔར་བས་ཆེ་རུ་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།