ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད།

W020180713404179903077.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ལ་ཕན་འཕར་དང་། ཞིང་འབྲོག་མང་ཚོགས་ལ་འབབ་འཕར། ཞིང་འབྲོག་ཁུལ་བརྟན་ལྷིང་བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་སྤུས་རྟགས་བཏོད་ཡོད། རྣམ་གླིང་རྫོང་སྟག་སྣ་ཤང་མཁོ་ལམ་གྲོང་ཚོའི་དམངས་ཕན་བཞོན་མ་གསོ་ཚགས་ར་བའི་འགན་ཁུར་བ་སྐལ་བཟང་སྒྲོལ་མས་འདུ་ཤེས་ཧུར་ཐག་བསྒྱུར་བ་དང་། ལོ་གསུམ་གྱི་གོང་དུ་བཞོན་མ་གསོ་མཁན་སྤུན་མཆེད་ཀྱི་ས་ནས་བཞོན་མ་གསོ་སྟངས་སློབ་སྦྱོང་བྱས་རྗེས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་བར་བརྟེན། རང་ཉིད་ཕྱུག་པོ་ཆགས་པ་མ་ཟད། ད་དུང་གྲོང་མིར་འབབ་འཕར་བཏོད་ཐུབ་པ་བྱུང་ཡོད། ད་ཆ་ཉིན་རེར་འོ་མ་ཁོ་ན་བཙོངས་པར་ཡོང་འབབ་སྒོར1500རག་ཅིང་། འདི་ནི་སྐལ་བཟང་སྒྲོལ་མས་བཞོན་མར་གཡོག་བྱེད་བྱེད་པའི་གནས་ཚུལ་ཡིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།