​ཁ་རུབ་ཆུས་ཀྱིས་ན་ནིང་གྲོང་ཁྱེར་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་གསུམ་གཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ལམ་སྲོལ་གསར་གཏོད་རྣམ་པ་བརྒྱུད་སྣེ་འདྲེན་ཁེ་ལས་ཀྱི་རྣམ་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  ལེགས་ཆ་མངོན་གསལ་དོད་པ་དང་སྐུལ་ཁྲིད་ནུས་པ་ཆེ་བ།  འཚར་ལོངས་རང་བཞིན་ལེགས་པ་བཅས་ཀྱི་གྲོང་ཁྱེར་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་གསུམ་གཏོད་པར།  གཏན་འཇགས་རྒྱུ་ནོར་སྒོར་ཁྲི་ཚོ9000ལྷག་ཙམ་བྱུང་བ་དང་།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་ལས་ཞུགས་ལས་གནས300ལྷག་ཙམ་མཁོ་འདོན་བྱས་ནས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང163གྱི་མི789ལ་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར3500གཏོད་རོགས་བྱས་པ་དང་།  ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་དབུལ་གྲོལ་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐེབས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།