ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་དོན་ཁག་ཏན་ཏིག་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2018ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་གོང་མཐོར་གཏོང་རྒྱུ་དང་།  ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུ་འགོ་འཛུགས་སར་རྩིས་ཏེ་ཞིང་འབྲོག་ལས་དོན་ཁག་ཏན་ཏིག་སྤེལ་བས།  ཞིང་འབྲོག་ལས་ཀྱི་རྨང་གཞིའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་ཐེབས་ཡོད།  སྤྱི་ལོ2018ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་ལོ་འཁོར་མོར་ཁྱོན་མ་དངུལ་སྒོར་དུང་ཕྱུར4.16བཏང་ནས།  ཞིང་འབྲོག་ལས་ཀྱི་རྨང་གཞིའི་རྣམ་གྲངས130ལག་བསྟར་བྱེད་རྩིས་ཡོད་པ་དང་།  ད་ལོའི་སྤྱི་ཟླ4པའི་ཟླ་མཇུག་བར་ཁྱོན་རྣམ་གྲངས87གསར་སྐྲུན་དང་འཕྲོ་སྐྱོང་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་ཚོ7133བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།