​བོད་ལྗོངས་ཀྱིས་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་ནས་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་འགན་སྲུང་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་ཆེད།བོད་ལྗོངས་ཀྱིས་ད་ལོའི་སྟོན་དུས་སློབ་དུས་ནས་འགོ་བཙུགས་ཏེ་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཀྱི་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་ནས།  ད་ཡོད་ཀྱི་རྨང་གཞིའི་ཐོག་ལོར་སློབ་མ་རེར་ཆ་སྙོམས་སྒོར240མཐོ་རུ་གཏོང་རྒྱུ་རེད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལེགས་སྒྲིག་བྱས་རྗེས་ཀྱི་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཀྱི་ཁ་གསབ་ཚད་གཞི་ནི་བུ་བཅོལ་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ཁུལ་གྱི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར3120དང་རིགས་གསུམ་པའི་ཁུལ་གྱི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར3220། རིགས་བཞི་པའི་ཁུལ་ཡང་ན་མཐའ་མཚམས་རྫོང་གི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར3320བཅས་ཡིན་པ་དང་།  འོས་འགན་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ཁུལ་གྱི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར3620དང་རིགས་གསུམ་པའི་ཁུལ་གྱི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར3720། རིགས་བཞི་པའི་ཁུལ་ཡང་ན་མཐའ་མཚམས་རྫོང་གི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར3820བཅས་རེད།  མཐོ་རིམ་སློབ་འབྲིང་སློབ་གསོའི་དུས་མཚམས་ཀྱི་རིགས་གཉིས་པའི་ཁུལ་གྱི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར4120། དང་རིགས་གསུམ་པའི་ཁུལ་གྱི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར4220།  རིགས་བཞི་པའི་ཁུལ་ཡང་ན་མཐའ་མཚམས་རྫོང་གི་སློབ་མ་རེར་ལོ་རེའི་ཆ་སྙོམས་སྒོར4320བཅས་རེད།  འགྲོ་གྲོན་གྱི་གྲུབ་ཆའི་བསྡུར་ཚད་ནང་ལྟོ་རིན་གྱིས80%ནས87%བར་བཟུང་བ་དང་།  གྱོན་ཆས་དང་སྒྲིག་ཆས་ཀྱི་འགྲོ་གྲོན་གྱིས་བརྒྱ་ཆ10ནས15ཡི་བར་བཟུང་བ།  སློབ་སྦྱོང་ཡོ་ཆས་ཀྱི་འགྲོ་གྲོན་གྱིས3%ནས5%ཡི་བར་བཟུང་བ་བཅས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།