བོད་ལྗོངས་སུ་གར་གླུའི་རྒྱལ་ཁབ་རིམ་པའི་ཁྲིད་སྦྱོང་རྟེན་གཞི་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་གར་གླུའི་རྒྱལ་ཁབ་རིམ་པའི་ཁྲིད་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་གར་གླུའི་རྒྱལ་ཁབ་རིམ་པའི་ཚབ་མཚོན་རྒྱུན་འཛིན་པ་དགུང་ལོ95ལ་ཕེབས་པའི་ཕུན་ཚོགས་གཡུལ་རྒྱལ་དང་།  དགུང་ལོ80ལ་ཕེབས་པའི་བཀྲ་ཤིས་ཚེ་རིང་རྣམ་གཉིས་ཀྱིས་དགེ་ཕྲུག4བསྡུས་པ་རེད། 

གར་གླུ་ནི་བོད་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།  བོད་ཀྱི་ལོ་རྒྱུས་དང་རོལ་དབྱངས།  ཟློས་གར།  དམངས་སྲོལ་སོགས་ཞིབ་འཇུག་ཐད་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད།  གར་གླུའི་ཁྲོད་ནས་བོད་ཀྱི་གནའ་བོའི་གླུ་གར་ཉམས་བཟང་མངོན་ཐུབ་ལ་བོད་ཀྱི་གནའ་རབས་ཡུལ་གོམས་གཤིས་ལུགས་ཀྱང་མངོན་ཐུབ།  སྤྱི་ལོ2017ལོར་གར་གླུ་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཚབ་མཚོན་རང་བཞིན་གྱི་ཁག་གཉིས་པའི་རྣམ་གྲངས་མིང་གཞུང་ནང་ཚུད་པ་མ་ཟད།  སྤྱི་ལོ2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཚབ་མཚོན་རང་བཞིན་ཁག་གཉིས་པའི་རྣམ་གྲངས་མིང་གཞུང་ནང་ཚུད་པ་རེད། 

རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དགེ་ཕྲུག་བསྡུས་པའི་སྐོར་གླེང་སྐབས།  གར་གླུ་ནི་ང་ཚོ་གངས་ལྗོངས་ས་མཐོའི་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན་པ་དང་།  ང་ཚོས་སློབ་མ་ཚོར་སྦ་གསང་མེད་པའི་ཐོག་ནས་བསླབ་སྟེ་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།