​མངའ་རིས་སུ་ཞི་ཅིན་ཕིང་ནས་རྒྱལ་སྲིད་འཛིན་སྐྱོང་སྐོར་གླེང་བ་ཞེས་པར་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ4པའི་ཚུན་དུ་མངའ་རིས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པ16000ལྷག་ཙམ་གྱིས་ཞི་ཅིན་ཕིང་ནས་རྒྱལ་སྲིད་འཛིན་སྐྱོང་གླེང་བ་ཞེས་པའི་བམ་པོ་དང་པོ་དང་གཉིས་པ་དེ་ངེས་ཀློག་དཔེ་དེབ་ལ་རྩིས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཉིང་བཅུད་ལ་གོ་བ་ལེན་རྒྱུ་གཏིང་ཟབ་ཏུ་བཏང་ཐོག  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་བ།  ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་།  དུས་རབས་གསར་པར་ཕྱོགས་སྟོན་ངང་རླབས་ཆེའི་དགོངས་པ་མངའ་རིས་སུ་དོན་འཁྱོལ་ཐུབ་པ་བྱས་ཡོད།

ཞི་ཅིན་ཕིང་གི་རྒྱལ་སྲིད་འཛིན་སྐྱོང་དགོངས་པའི་ནང་རྒྱལ་ཁབ་གོང་འཕེལ་གྱི་རྩ་བའི་ཁ་ཕྱོགས་དང་འབད་འཐབ་དམིགས་ཚད།  གོང་འཕེལ་སྒུལ་ཤུགས།  ལས་ཀའི་ལྟེ་བ།  སྤྱིའི་ཁྱབ་ཁོངས་སོགས་ཀྱི་ནང་དོན་གཙོ་བོ་ཚུད་ཡོད།  འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྦྱོང་བ་དང་ཏང་ཡོན་ལས་བྱེད་པས་རྒྱུན་རྣམ་ཐོག་ནས་སྦྱོང་བ།  སློབ་སྦྱོང་ཉིན་མོའི་འཆར་གཞི་བཟོ་བ།  འཆད་འཁྲིད་གཉེར་བ་སོགས་ཀྱི་སློབ་སྦྱོང་གི་ཚ་རླབས་ཤིག་འཛམ་གླིང་ཡང་རྩེའི་མངའ་རིས་སུ་འཕྱུར་ནས།  ཞི་ཅིན་ཕིང་གི་རྒྱལ་སྲིད་འཛིན་སྐྱོང་དགོངས་པ་འདི་ཉིད་ས་ཁུལ་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ16000ལྷག་ཙམ་གྱི་བསམ་བློའི་ཐུན་མོང་ངོས་འཛིན་དུ་གྱུར་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།