བོད་ལྗོངས་སུ་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་གང་ལེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས20ཉིན་ནས་སྤྱི་ཟླ6པའི་ཚེས2ཉིན་བར་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཁག་གསུམ་འདེམས་མངགས་བྱས་ཏེ།  བོད་ལྗོངས་ཀྱི་ས་ཁུལ་རིམ་པའི་ས་ངོས་ཆུའི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁག་གསུམ་ལ་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་།  གྲོང་ཁྱེར(ས་ཁུལ)ཁག་གིས་ཐེངས་འདིའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་ཟུང་འབྲེལ་བྱས་ཏེ།  དོ་དམ་བྱེད་ཁོངས་ཀྱི་ས་ངོས་ཆུའི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་བྱས་པ་རེད།

ད་བར་བོད་ལྗོངས་ཀྱི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་ལས་ཀའི་འཕེལ་རིམ་ཡག་པོ་བྱུང་ནས།  ཁོར་ཡུག་གནད་དོན་གྱི་ཞིབ་ཕྲའི་བཅོས་སྒྲིག་ལས་དོན་བཞི་ལེགས་སྒྲུབ་བྱས་ཟིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།