ལྷོ་ཁའི་ཚན་རིག་ཞིབ་འཇུག་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་དུ་བཏང་བ་བརྒྱུད་ཚན་རྩལ་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་།  ཚན་རྩལ་གྱི་འདེགས་སྐྱོར་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ།  གསར་གཏོད་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས།  ཚན་རྩལ་གོང་འཕེལ་མྱུར་པོ་བྱུང་བ་དང་ཚན་རྩལ་གྱི་གྲུབ་འབྲས་མང་པོ་ཐོན་ཏེ་གོང་འཕེལ་གཏོང་སྟངས་བསྒྱུར་རྒྱུར་རྨང་གཞི་གསར་པ་དང་སྒུལ་ནུས་གསར་པ་མཁོ་འདོན་བྱས་ཡོད། 

ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་སྒྱུར་བཅོས་ཀྱི་ལྟེ་བའི་ལས་དོན་དང་དམ་པོར་བསྟུན་ནས་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་འཚམས་པ་དང་།  ཚན་རྩལ་འདུས་ཚད་ཅུང་མཐོ་བའི་ཚན་རྩལ་རྣམ་གྲངས་ཁག་ཅིག་རེ་ཞུ་བྱས་པར་ཁྱོན་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར 1.5བཏང་ནས།  སྔ་རྗེས་སུ་ས་ཆ་དེ་ག་རང་དུ་སྐྱེས་འཚར་ཐུབ་པའི་འབྲུ་རིགས་དང་སྔོ་ཚལ་སྣེ་རིགས་གསར་པ20ལྷག་ཙམ་འདེམས་གསོ་ཁྱབ་གདལ་བཏང་བ་རེད། 

དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ།  ཞིང་གསུམ་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱི་སྣེ་ཁྲིད་འོག  ལྷོ་ཁ་གྲོང་ཁྱེར་གྱི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ་དང་ཚན་རིག་ཞིབ་འཇུག་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།  ད་བར་གྲོང་ཁྱེར་དེ་ཡོངས་སུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ9034བར་མང་དུ་ཕྱིན་པ་དང་།  འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས།  མི་རིགས་ལག་ཤེས་བཟོ་ལས།  བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཐད་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་རེད།  དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་ནས་ཚན་རྩལ་གྲུབ་འབྲས་གཞན་འགྱུར་ལས་ཀར་མཐོང་ཆེན་པོ་བྱས་ནས་སྔོན་ཐོན་གོ་ཆོད་ལག་རྩལ་དང་གྲུབ་འབྲས་ནང་འདྲེན་དང་ཁྱབ་གདལ་ཧུར་ཐག་བཏང་ཡོད།  ལྷག་པར་དུ་ལྷོ་ཁའི་དགུན་གྲོ་ཨང6པ་དང7པ་སོགས་སྤུས་ལེགས་ཞིང་ལས་ལོ་ཏོག་སྣེ་རིགས་གསར་པ་ཁྱབ་གདལ་ཆེན་པོ་བཏང་བས།  ཞིང་འབྲོག་ལས་ཐོན་འཕར་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་ཐེབས་ཡོད།  །  

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།