ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2018ལོར་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་སྤྲོད་སློབ་མའི་སློབ་ཁོངས་གཏན་འཁེལ་དང་དྲ་ཐོག་མིང་འགོད། ཆ་འཕྲིན་གཏན་འཁེལ། རྒྱུགས་ར་བཀོད་སྒྲིག་བཅས་ཀྱི་ལས་དོན་བདེ་བླག་ངང་མཇུག་སྒྲིལ་བ་དང་། ད་ལོ་བོད་ལྗོངས་སུ་རྒྱུགས་སྤྲོད་སློབ་མ་ཁྱོན་ཁྲི4ལྷག་ཡོད།
སྤྱི་ལོ2018ལོའི་བོད་ཀྱི་འབྲིང་རྒྱུགས་སྤྱི་ཟླ6པའི་ཚེས20ཉིན་ནས་ཚེས22ཉིན་བར་གཏོང་རྒྱུ་རེད། བོད་ལྗོངས་ཀྱིས་ལྷ་ས་དང་ཆབ་མདོ། ལྷོ་ཁ། གཞིས་རྩེ། ནག་ཆུ། མངའ་རིས། ཉིང་ཁྲི། གོར་མོ། བོད་ལྗོངས་མི་རིགས་སློབ་ཆེན། ཁྲེན་ཏུའུ་བཅས་སུ་རྒྱུགས་ཁུལ10བཙུགས་ཡོད་ལ། ཁྱོན་ཡིག་རྒྱུགས་གཏོང་གནས91དང་རྒྱུགས་ར1458བཀོད་སྒྲིག་བྱས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ད་ལོ་བོད་ལྗོངས་སུ་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭར་རྒྱུགས་སྤྲོད་པའི་སློབ་མ་ཁྲི4ཙམ་ཡོད།