བོད་ལྗོངས་ཀྱིས་ལྷ་སའི་ཕྱོགས་བསྡུས་ཁྲལ་བཅོལ་ཁུལ་རེ་ཞུ་དང་འཛུགས་སྐྲུན་ལས་ཀར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས།  ལྷ་སའི་ཕྱོགས་བསྡུས་ཁྲལ་བཅོལ་ཁུལ་རེ་ཞུ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་བྱས་པ་དང་།  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་དེང་སྐབས་རེ་ཞུ་དང་འཛུགས་སྐྲུན་ལས་དོན་སྐུལ་འདེད་གཏོང་བའི་དུས་སུ་སླེབས་ཡོད་པས།  འབྲེལ་ཡོད་ཚན་པ་དང་ལས་ཁུངས་ཁག་གིས་འགན་སེམས་ཆེ་རུ་ཏན་ཏིག་བཏང་ནས།  རང་འགན་གཙང་སྒྲུབ་དང་གཅིག་འགྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ།  མཉམ་ཤུགས་ཐོག་འགག་སྒྲོལ་ཡོང་བ་བྱེད་པ་བཅས་བྱས་ཏེ་ལྷ་སའི་ཕྱོགས་བསྡུས་ཁྲལ་བཅོལ་ཁུལ་གྱི་རེ་ཞུ་དང་འཛུགས་སྐྲུན་གྱི་ལས་འགན་ཁག་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།