“སང་ཉིན་འཆར་གཞི”ཡིས་བོད་ལྗོངས་ཀྱི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་ཁྲི12.5ལ་དངོས་ཕན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན་གྱི་ཕྱི་དྲོར། དམངས་སྲིད་པུའུ་ཡི“སང་ཉིན་འཆར་གཞི”སྨན་བཅོས་ཆེད་མཁས་པའི་ཚོགས་པ་བོད་ལྗོངས་སུ་ཕེབས་ཏེ་བོད་ལྗོངས་ཀྱི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ནད་གཞིར་བརྟག་དཔྱད་བྱེད་པའི་བྱ་འགུལ་ལམ་བོད་ལྗོངས་ཀྱི2018ལོའི“སང་ཉིན་འཆར་གཞི”སྤེལ་འགོ་བརྩམས།

རྒྱུས་ལོན་ལྟར་ན། ཐེངས་འདིའི“སང་ཉིན་འཆར་གཞིའི”བྱིས་པའི་ནད་གཞི་བརྟག་དཔྱད་བྱེད་པའི་བྱ་འགུལ་དེ་ལྷ་ས་དང་། ཆབ་མདོ། ནག་ཆུ་བཅས་རྨང་གཞི་རུ་བྱས་ཏེ། མཐའ་སྐོར་ས་ཁུལ་དག་གི་བྱིས་པར་རིན་མེད་ངང་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ནད་གཞིར་བརྟག་དཔྱད་བྱེད་རྒྱུ་དང་། དེའི་ཁྲོད་ནད་ལྕི་པོ་ཡོད་པའི་ནད་པ་དག་པེ་ཅིན་དུ་སྐྱེལ་ཏེ་སྨན་བཅོས་བྱ་རྒྱུ་ཡིན། འཆར་གཞི་འདི2004ལོར་ལག་བསྟར་བྱས་པ་ནས་བཟུང་། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་ཁྲི12.5ལ་གཤགས་བཅོས་དང་ལུས་གསོ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།