བོད་ལྗོངས་སུ་ཁེ་ལས་ཆུང་གྲས་གོང་འཕེལ་གྱི་རྣམ་པ་ཧ་ཅང་བཟང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་རྒྱལ་ཁབ་ནས་སྔ་རྗེས་སུ་འཕྲལ་ཕུགས་གཉིས་ལ་ཕན་པའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ནས།  ཁེ་ལས་ཆུང་གྲས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པས་ཁེ་ལས་ཆུང་གྲས་སྔར་བས་མང་བ་གོང་འཕེལ་དང་སྟོབས་ཆེར་ཕྱིན་ཡོད། 

གསར་འགོད་པས་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་སུ་ཁེ་ལས་ཆུང་གྲས31458ཡོད་པའི་ནང་ཁེ་ལས་ཆུང་གྲས་ཀྱི་ཐོབ་ཁྲལ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་ད་ལོའི་སྤྱི་ཟླ4པའི་ཟླ་མཇུག་བར་ཁེ་ལས5100ཟིན་པ་དང་།  དུས་ཚིགས་དང་པོར་ཁེ་ལས་དེ་དག་ལ་དཔྱ་ཁྲལ་སྒོར་ཁྲི་ཚོ3400ལྷག་ཙམ་ཆག་ཡངས་དང་ཡང་ན་རྩ་ཆག་བཏང་ཡོད། 

ཁེ་ལས་ཆུང་གྲས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ་དེས།  རང་ལྗོངས་ཀྱིས་ཁྲལ་ཁུངས་གསོ་སྐྱོང་བྱེད་རྒྱུར་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱུང་བ་མ་ཟད་སྤྱི་ཚོགས་ཡོངས་ནས་ཀུན་གྱིས་བྱ་གཞག་གཏོད་པ་དང་གསར་གཏོད་བྱེད་པའི་ཁོར་ཡུག་གཏོད་རྒྱུ་དང་།  མཁོ་འདོན་ཕྱོགས་ཀྱི་བསྒྱུར་བཅོས་ཐད་སྲིད་ཇུས་ཀྱི་འགན་སྲུང་ཡང་ནུས་ལྡན་བྱུང་ཡོད།  དེ་དང་ཆབས་ཅིག་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱས་པ་དེས།  སྤྱི་ཚོགས་ཀྱི་ལས་ཞུགས་དང་ལས་ཞུགས་བསྐྱར་མར་སྐུལ་འདེད་ཐེབས་ཏེ་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།