བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ28གསར་སྣོན་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་རྣམ་གྲངས་ཀྱི་ཚབ་མཚོན་རྒྱུན་འཛིན་པའི་མཚན་ཐོ་ཁག་ལྔ་པའི་ནང་བོད་ལྗོངས་ཀྱི་རྒྱུན་འཛིན་པ28ཚུད་ཡོད།  མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ28དེ་དག་དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན་རོལ་དབྱངས།  སྲོལ་རྒྱུན་ཞབས་བྲོ།  སྲོལ་རྒྱུན་མཛེས་རིས།  སྲོལ་རྒྱུན་ལག་རྩལ།  སྲོལ་རྒྱུན་གྱི་གསོ་རིག་དང་སྨན།  དམངས་སྲོལ་བཅས་རིགས་བདུན་དང་འབྲེལ་བ་ཡོད།  ད་བར་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ96བར་མང་དུ་ཕྱིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།