གཞིས་ཀ་རྩེ་གྲོང་ཁྱེར་གྱི་དཔྱིད་འདེབས་ས་ཞིང་རྒྱ་ཁྱོན་མུའུ་ཁྲི40ལྷག་ཙམ་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། མིག་སྔའི་བར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དཔྱིད་འདེབས་ས་ཞིང་རྒྱ་ཁྱོན་མུའུ་ཁྲི40.76ཟིན་པའི་ནང་། ནས་མུའུ་ཁྲི27.89དང་སྣུམ་རྒྱུའི་སྐྱེ་དངོས་མུའུ་ཁྲི1.65ཚུད་པའི་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི30.97དང་ཞོག་ཁོག་མུའུ་ཁྲི4.42དང་གཟན་རྩྭའི་སྐྱེ་དངོས་མུའུ་ཁྲི2.05ཚུད་པའི་སྔོ་ཚལ་སྐྱེ་དངོས་མུའུ་ཁྲི6.09ཡོད།

“ད་ལྟ་ནི་དཔྱིད་རྨོད་དཔྱིད་འདེབས་ཀྱི་འགག་རྩའི་དུས་ཡིན་པས། གྲོང་ཁྱེར་ཞིང་ལས་ལག་རྩལ་མི་སྣས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིང་པ་མང་ཚོགས་ལ་དེའི་སྐོར་གྱི་ཤེས་བྱ་མཛུབ་ཁྲིད་བྱས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཉི་མ་ཕན་ཐོགས་ཀྱིས་གསར་འགོད་པར་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།