​ཆབ་མདོས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་རྒྱ་ཆེར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་སོགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས།  རིག་གནས་ཀྱི་འབྱུང་རྩ་བརྟན་སྲུང་ངང་རིག་གནས་གྲ་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། 

སྤྱི་ལོ2010ལོར་ཆབ་མདོ་གྲོང་ཁྱེར་གྱིས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་གཞུང་ལས་ཁང་ཆེད་མངག་བཙུགས་ནས།  མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སོགས་སྤེལ་ཡོད་པ་དང་།  སྤྱི་ལོ2015ལོ་ནས་བཟུང་ཆབ་མདོས་ཐང་གའི་སྒྱུ་རྩལ་གྱི་སྦྱོང་བརྡར་འཛིན་གྲྭ་ཧུར་ཐག་གཉེར་བ་དང་།  ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་མཉམ་འབྲེལ་ཐོག་ཆབ་མདོའི་སྒོར་གཞས་དང་སྨར་ཁམས་ཀྱི་པི་ཝང་།  སྟེང་ཆེན་རལ་པ་བཅས་ཀྱི་སྒྱུ་རྩལ་འཛིན་གྲྭ་གཉེར་ནས་སྤྱི་ལོ 2017ལོ་བར་སློབ་མ300བསྡུས་ཡོད།

ཆབ་མདོས་ལྗོངས་ཡོངས་ཀྱི་སྔོན་དུ་རིག་གནས་ཐོན་ལས་དཔེ་སྟོན་རྣམ་གྲངས་ཏེ་ཆབ་མདོའི་སྤུས་ལེགས་ཐང་ག་བརྒྱའི་ལས་གཞི་ལག་བསྟར་བྱས་པ་དང་།  གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་ཐོག་གསར་རྩོམ་ལེགས་སྒྲུབ་ཟིན་པའི་དུས་རིམ་དང་པོའི་བརྩམས་བྱ་འགྲེམས་སྟོན་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་ཆབ་མདོ་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་ཚུད་པའི་རྣམ་གྲངས8དང་།  རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་ཚུད་པའི་རྣམ་གྲངས15གྲོང་ཁྱེར་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་ཚུད་པའི་རྣམ་གྲངས30བཅས་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ6དང་།  རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ58བཅས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།