​ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག་མ་དེ་ལྷ་སར་འབྱོར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་བོད་ལ་ཡུལ་སྐོར་བྱེད་ནས་སའི་གོ་ལའི་གླིང་སྣེ་གསུམ་པ་མཉམ་སྤྱོད་བྱེད་ཅེས་པའི་བྱེད་སྒོར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཆེད།  བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་དང་མཚོ་བོད་ལྕགས་ལམ་ཀུང་སིས་མཉམ་འབྲེལ་ཐོག་དགུན་དུས་བོད་ལ་ཡུལ་སྐོར་བྱེད་ནས་སའི་གོ་ལའི་གླིང་སྣེ་གསུམ་པ་མཉམ་སྤྱོད་བྱེད་པའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཆེད་གཏོང་མེ་འཁོར་བཀོད་སྒྲིག་བྱས་ཡོད། 

སྤྱི་ཟླ4པའི་ཚེས7ཉིན་གྱི་དགོང་མོའི་ཆུ་ཚོད8དང་སྐར་མ45ཡི་ཐོག་སྤྱི་ལོ2018ལོའི་དགུན་དུས་བོད་ལྗོངས་ཡུལ་སྐོར་ཞེས་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག་མ་དེ་ལྷ་སར་འབྱོར་བ་རེད།  ཐེངས་འདིའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ནང་རྒྱལ་ཡོངས་ས་ཆ་ཁག་ནས་ཡོང་བའི་ཡུལ་སྐོར་བ468ཟི་ལིང་ལ་འཛོམས་ནས་བོད་དུ་ཡོང་བ་དང་གཟའ་འཁོར་གཅིག་ནང་གཙོ་བོ་ལྷ་སའི་མཐའ་འཁོར་གྱི་མཛེས་ལྗོངས་ཁུལ་དང་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལ་ལྟ་སྐོར་བྱེད་རྒྱུ་རེད།

ད་ལོའི་སྤྱི་ཟླ2པར་བོད་ལྗོངས་ཀྱིས་དགུན་དུས་བོད་ལ་ཡུལ་སྐོར་བྱེད་ནས་སའི་གོ་ལའི་གླིང་སྣེ་གསུམ་པ་མཉམ་སྤྱོད་བྱེད་ཅེས་པའི་བྱེད་སྒོ་སྤེལ་བ་དང་།  གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་སྐུལ་འདེད་འོག་རང་ལྗོངས་ལ་ཡུལ་སྐོར་ཡོང་མཁན་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཡོད། 

བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སིའི་འགན་ཁུར་བ་ལེའུ་ཐའོ་ནས།  ང་ཚོས་ཡུལ་སྐོར་ཆེད་གཏོང་མེ་འཁོར་གཏོང་བའི་བྱེད་སྒོ་བརྒྱུད་དགུན་དུས་བོད་ལྗོངས་ཡུལ་སྐོར་བྱེད་སྒོའི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱས་ནས་ཡུལ་སྐོར་གོང་འཕེལ་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།