​བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་ཚོན་རང་བཞིན་གྱི་རྒྱུན་འཛིན་པ20མྱུར་སྐྱོབ་ཐོ་འགོད་ལས་དོན་སྤེལ་ནས་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་དུས་རྒྱལ་ཁབ་རིམ་པའི་རང་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མི་སྣ་བཅུའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་ལེགས་འགྲུབ་བྱུང་བ་དང་།  དེ་ལྟར་ད་ཆ་བོད་ལྗོངས་སུ་ལྷ་མོ་དང་བོད་ཀྱི་གནམ་རིག་སྐར་རྩིས།  སྤོས་བཟོ་རྩལ་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ20མྱུར་སྐྱོབ་ཐོ་འགོད་བྱེད་པའི་ལས་དོན་ལེགས་འགྲུབ་བྱུང་བ་རེད།   

སྒྱུ་རྩལ་པ་མི་ཉུང་བ་ཞིག་གི་ལོ་ན་མཐོ་བའི་གནད་དོན་ལ་དམིགས་ནས་བོད་ལྗོངས་ཀྱིས་སྤྱི་ལོ2015ལོ་ནས་བཟུང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་ཀ་སྤེལ་འགོ་བཙུགས་པ་དང་།  རྣམ་གྲངས་དེ་གཙོ་བོ་ངག་ཐོག་དང་དོན་དངོས་ལག་ལེན།  རྒྱུན་འཛིན་སློབ་ཁྲིད།  ཕྱོགས་བསྡུས་འཆད་འཁྲིད་སོགས་ཐོག་ནས་རྒྱུན་འཛིན་པའི་རྩལ་ནུས་མངོན་པ་བྱས་ཡོད།  སྒྱུ་རྩལ་པ་རེའི་མྱུར་སྐྱོབ་ཐོ་འགོད་ལས་དོན་ཐད་མ་དངུལ་སྒོར་ཁྲི་ཚོ40ཡས་མས་བཏང་པ་རེད།  ད་ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱིས་སླར་ཡང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་རྒྱུན་འཛིན་མི་སྣ་བཅུའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་སྤེལ་རྒྱུ་རེད།   །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།