མངའ་རིས་ས་ཁུལ་གྱིས་དབུལ་ཕོངས་བུད་མེད་ལས་གཏོད་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་མངའ་རིས་ས་ཁུལ་གྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་།  སྲིད་ཇུས་དང་དངུལ་རྩའི་ཐད་ནས་རོགས་སྐྱོར་རབ་དང་རིམ་པ་བྱས་ཏེ་དབུལ་ཕོངས་བུད་མེད་རྣམས་ལས་གཏོད་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པས།  དབུལ་གྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་རྒྱུར་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཐུབ་པ་བྱུང་ཡོད། 

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  མངའ་རིས་ས་ཁུལ་གྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབུལ་སྐྱོར་རྟེན་གཞི་དང་མཉམ་ལས་ཁང11འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་བུད་མེད197ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས་འབབ་འཕར་སྒོར་ཁྲི་ཚོ35.5ལྷག་ཙམ་བྱུང་ཡོད།  དེ་དང་ཆབས་ཅིག་ཀྲུང་གོ་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བས།  བུད་མེད་གྱི་གྲངས་ཉུང་ཁག་ཐེག་ནོར་སྲིད་སྐྱེད་སྦྱར་སྲིད་ཇུས་དང་དབུལ་སྐྱོར་ཡིད་རྟོན་དངུལ་བུན་སྲིད་ཇུས་གཉིས་མངའ་རིས་ས་ཁུལ་དུ་ལག་བསྟར་གཏིང་ཟབ་བྱུང་བ་མ་ཟད།  ས་ཆ་དེ་གའི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་ལ་སྐུལ་ཁྲིད་ཐུབ་ནས་བུད་མེད་ཀྱི་ལས་གཏོད་འཇོན་ཐང་ཆེ་རུ་ཕྱིན་པ་རེད།  ད་བར་མངའ་རིས་ས་ཁུལ་གྱིས་དབུལ་ཕོངས་བུད་མེད110གྲངས་ཉུང་དངུལ་བུན་སྒོར་ཁྲི་ཚོ856གཡར་རོགས་བྱས་པ་རེད།།


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།