ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ།

བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་བསྡུར་གནང་སྟེ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ།

ཝུའུ་དབྱིང་ཅེས་གཏམ་བཤད་གནང་བ།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་20ཉིན་གྱི་སྔ་དྲོ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》བཅས་ལ་གྲོས་བསྡུར་གནང་བ་རེད།

འཐུས་མི་ཝུའུ་དབྱིང་ཅེ་དང་། ཀྲང་ཡན་ཆིང་། ཞུས་ཁྲེང་ཚང་། མཱ་ཧྲེང་ཁྲང་། སངས་རྒྱས་བཀྲ་ཤིས་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཚང་མས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་རྦད་དེ་མོས་མཐུན་གནང་བ་དང་བརྩི་བཀུར་ཞུས་པ་དང་འབྲེལ་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད། འཐུས་མི་ཚོས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ཡག་པོ་དང་། རྒྱ་ཁྱབ་ངང་དྲིལ་བསྒྲགས་ཡག་པོ། གཏིང་ཟབ་ངང་ལག་བསྟར་ཡག་པོ། ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི་ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་། རྒྱལ་ཁབ། མི་རིགས་བཅས་ལ་ཐུགས་ཁྲལ་གྱི་འདུ་ཤེས་ཟབ་མོའི་ཐོག་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་དེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་མཐོར་འདེགས་གནང་བ་དང་གྲིའི་དངོ་ནང་དུ་ཕྱོགས་པ་དང་རུས་འབྲད་དུག་སེལ་གྱི་ཆོད་སེམས་ངར་ཤུགས་ཐོག་ནས་སྤྱོད་ཚུལ་ལེགས་བཅོས་དང་། རུལ་སུངས་ཆད་གཅོད། དུག་རྒྱུན་གཙང་སེལ་བཅས་གནང་བར་བརྟེན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་དགོངས་པ་གྲུབ་པ་དང་དེ་ཉིད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་དུ་གྱུར་བ་དང་འབྲེལ་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་སྙིང་དབུས་ནས་བསྔགས་བརྗོད་ཐོབ་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཐོབ་པའི་ཁྱད་འཕགས་གྲུབ་འབྲས་གང་ལེགས་མཚོན་ཡོད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ཆོད་སེམས་སྙིང་སྟོབས་གང་ལེགས་གསལ་བཤད་ཐུབ་ཡོད། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ཐོག་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་སྐྱོང་དང་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཉམས་མྱོང་གསར་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཏན་ལ་འཁེལ་བའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་དགོངས་པ་གལ་ཆེན་བཅས་གང་ལེགས་མངོན་པ་དེ་དག་ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དེ་བས་སྐུལ་འདེད་གཏོང་རྒྱུ་དང་ཏང་ཡོངས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དེ་བས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཕན་ཐོགས་ཡོད། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་ང་ཚོའི་ཏང་གིས་ཡུན་རིང་མཐའ་འཁྱོངས་བྱ་རྒྱུའི་མཛུབ་ཁྲིད་དགོངས་པར་གྱུར་བ་དེ་ཐོག་ནས་ཏང་ཡོངས་ཀྱི་ཐུན་མོང་འདུན་པ་མཚོན་པ་མ་ཟད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱ་རྒྱུར་གལ་ཆེའི་དངོས་ཡོད་ཀྱི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད། ངས་རྦད་དེ་མོས་མཐུན་བྱ་རྒྱུ་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། འདས་པའི་ལོ་ལྔའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཞིབ་ཕྲའི་མཛུབ་ཁྲིད་འོག་རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་ཆགས་ཟིན་པ་དང་འབྲེལ་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད། ལྷག་པར་དུ་ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། མང་ཚོགས་ཀྱིས་རྦད་དེ་ཁས་ལེན་དང་གདེང་འཇོག་རྒྱ་ཁྱབ་ཐོབ་ཡོད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ། སྲོག་ཤིང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་། ཡིད་ཆེས། ལྷག་བསམ། སྲུང་སྐྱོང་བཅས་བྱེད་པ། ཏང་གི་སྒྲིག་ཡིག་སློབ་སྦྱོང་ནན་ཏན་དང་རང་རྟོགས་ངང་བརྩི་སྲུང་ཞུ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་ཡག་པོ་བཅས་བྱས་ནས་རྒྱུན་ཆད་མེད་པར་བོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་གྱིས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་བདེ་ཞོད་འཇགས་ཀྱི་ཁོར་ཡུག་བརྩོན་ལེན་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི་ཀྲང་ཡན་ཆིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་སྙིང་དོན་ཁ་གསལ་བ་དང་བརྗོད་དོན་འབུར་དུ་ཐོན་པ། མི་སེམས་ལ་སྐུལ་ལྕག་ཐེབས་པ་བཅས་ཡོད་པ་དང་བདེན་དོན་སྟོབས་ཤུགས་ཡོངས་སུ་ཁྱབ་པས་ཆབ་སྲིད་རང་བཞིན་དང་། འཐབ་ཇུས་རང་བཞིན། ཚན་རིག་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་འདུག འདས་པའི་ལོ་5ཡི་རིང་གཞིས་རྩེའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང“4·25”ཡི་ཡོམ་འགོག་རྒུད་སྐྱོབ་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་རྒྱལ་ཁ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ཁ་བྲལ་ཐབས་མེད་པས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བཀའ་དྲིན་སེམས་ལ་བཅངས་ནས་སྲོག་ཤིང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱས་ཡོད། ང་ཚོས་འོས་འགན་སེམས་ལ་བཅངས་པ་དང་ཏང་ལ་ལྷག་བསམ་རྣམ་དག་དང་། འགན་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབ་པ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བརྟན་ལྷིང་དང་སྣོད་བཅུད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། ཡིད་འོང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི་ཞུས་ཁྲེང་ཚང་གིས་སྙན་སྒྲོན་ནང་བཏོན་པའི་བརྡར་ཤ་གཅོད་པ་གལ་ཆེན་དང་། དགོངས་པ་གལ་ཆེན། ཕུགས་ཀྱི་འཐབ་ཇུས། གཞི་རྩའི་མཛད་ཇུས། བྱེད་ཐབས་གལ་ཆེན་བཅས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་ཆ་ཚང་དང་གཏིང་ཟབ་ཀྱི་དགོངས་དོན་ནང་དོན་གྲུབ་ཡོད་པས་ང་ཚོས་མཐའ་གཅིག་ཏུ་ལག་བསྟར་དང་ཡུན་རིང་མཐའ་འཁྱོངས་བྱ་རྒྱུ་ཡིན། ངས་རང་རྟོགས་ངང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས“གདེང་ཚོད་བཞི”རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྷོ་ཁའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི་མཱ་ཧྲེང་ཁྲང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ཧ་ཅང་ཁ་གསལ་བ་དང་ལས་དོན་ཕྱོགས་སྡོམ་ཧ་ཅང་དོན་དངོས་དང་མཐུན་པ། རིགས་པའི་གཞུང་ལུགས་གསར་པ་ཧ་ཅང་ཚན་རིག་དང་མཐུན་པ། བརྗིད་ཆེའི་འཆར་འགོད་ཧ་ཅང་ཁ་གསལ་བ་བཅས་ཡོད་པས་དེ་ནི་ཆབ་སྲིད་ཀྱི་མཐོ་ཚད་དང་། བསམ་བློའི་མཐོ་ཚད། འཐབ་ཇུས་ཀྱི་མཐོ་ཚད་བཅས་ལྡན་པའི་སྙན་སྒྲོན་ཡག་པོ་ཞིག་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཁྱབ་པའི་སྙན་སྒྲོན་ཡག་པོ་ཞིག མི་སེམས་གཅིག་སྒྲིལ་དང་། སེམས་ཤུགས་རབ་འཕེལ། མི་སེམས་ལ་སྐུལ་ལྕག་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་བཅས་རེད། ང་ཚོས་ངེས་པར་དུ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ཡག་པོ་དང་། གོ་བ་གཏིང་ཟབ་ལེན་པ་ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ནས“སྔོན་དུ་སྐྱོད་པ་ལྔ”མངོན་འགྱུར་ཧུར་ཐག་བྱས་ནས་ནུས་ཤུགས་ཡོད་རྒུས་བདེ་སྐྱིད་དང་། ཞི་མཐུན། མཛེས་སྡུག་བཅས་ཀྱི་ཉིང་ཁྲི་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

འཐུས་མི་སངས་རྒྱས་བཀྲ་ཤིས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནི་ཆབ་སྲིད་ཀྱི་མཐོ་ཚད་དང་། བསམ་བློའི་མཐོ་ཚད། འཐབ་ཇུས་ཀྱི་མཐོ་ཚད་བཅས་ལྡན་པའི་སྙན་སྒྲོན་ཡག་པོ་ཞིག་དང་། ཏང་དམག་དམངས་གསུམ་གྱི་སེམས་པ་གཅིག་ཏུ་སྒྲིལ་བ་དང་མདུན་སྐྱོད་ལ་ཡར་སྐུལ་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག སྤྱོད་ཚུལ་ཏན་ཏིག་དང་། རྩོམ་སྲོལ་བབ་ཆགས། དམ་པ་དོན་གཉེར་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་བཅས་རེད་འདུག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ནག་ཆུའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི་ལོ་ལྔ་ཡིན་ཞིང་། ནག་ཆུ་འདི་ཉིད་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་ཀྱི་གྲས་ཤིག་ཏུ་སླེབས་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཡིན། ང་ཚོས་ངེས་པར་དུ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། བརྒྱུད་བསྒྲགས་ཡག་པོ། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ནས་ནག་ཆུའི་ལས་དོན་དང་ནག་ཆུའི་བྱ་བ་ཡག་པོ་བསྒྲུབ་སྟེ་ཀྲུང་གོའི་ཕུགས་འདུན་གྱི་ནག་ཆུའི་ལེའུ་བརྩམ་རྒྱུ་ཡིན་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། རམས་ཚེ་བྷོ།

དཔྱད་མཆན 0 ཡོད།