བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་ཟློས་གར《སྐལ་བཟང་མེ་ཏོག》སླར་ཡང་བཞད་ཅེས་པའི་འཁྲབ་སྟོན་ལེགས་གྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས2ཉིན་གྱི་དགོང་མོ།  བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་ཟློས་གར《སྐལ་བཟང་མེ་ཏོག》སླར་ཡང་བཞད་ཅེས་པའི་ཐོག་མའི་འཁྲབ་སྟོན་བོད་ལྗོངས་སློབ་ཆེན་དུ་ལེགས་གྲུབ་བྱུང་བ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ཟློས་གར་དེའི་ནང་བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཚོས་འཁྲབ་སྟོན་པ་བྱས་ནས་མི་རབས་ནས་མི་རབས་བར་གྱི་བོད་ལྗོངས་སློབ་གྲྭ་ཆེ་མོ་བས།  ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་སྤུན་ཟླའི་སློབ་གྲྭ་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག  བོད་ལྗོངས་སློབ་ཆེན་གྱི་འཛུགས་སྐྲུན་དང་གོང་འཕེལ་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཚུལ་མངོན་པར་བྱས་པ་རེད།  །  


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།