ད་ལོའི་ཟླ1པོ་ནས་ཟླ8པའི་བར་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་སྤྱིའི་ཡོང་སྒོ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།

1506651482442986.jpg

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས28ཉིན་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་2017ལོའི་ཟླ1པོ་ནས་ཟླ8པའི་བར་གྱི་ལྷ་སའི་གནས་སྐོར་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱས།

ད་ལོའི་ཟླ1པོ་ནས་ཟླ8པའི་བར། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1205སྣེ་ལེན་བྱས་ཤིང་དུས་མཉམ་ལས18.99%འཕར་ཏེ། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར172.39མངོན་འགྱུར་བྱས་པ་དང་། དུས་མཉམ་ལས24.88%འཕར་ནས། གྲོང་ཁྱེར་ཡོངས་ཀྱི་གནས་སྐོར་སྣེ་ལེན་བྱེད་ཚད་དང་གནས་སྐོར་སྤྱིའི་ཡོང་སྒོ་སོ་སོ་ནས་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་བསྐྲུན་ཡོད་པ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།