ཆབ་མདོ་གྲོང་ཁྱེར་གྱིས“ཁྱབ་སྤེལ་ལྔ”གསར་གཏོད་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ཚུན་དུ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རིམ་ཁག་མི་དམངས་ཁྲིམས་ཁང་གིས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་ཕྱོགས་སྟོན་དུ་བྱེད་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་དམིགས་ཚད་དུ་རྩིས་རྒྱུ་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་ཚགས་ཚུད་ཀྱི་སྒོ་ནས་ལད་ཟློས་ཁྲིམས་ར་དང་།  གྱོད་དོན་དཔེ་མཚོན་ཤོད་པ། ཁྲིམས་ལུགས་འཆད་ཁྲིད། ཁྲིམས་ལུགས་ཡོངས་བསྒྲགས། བཅའ་ཁྲིམས་གཤམ་སྤེལ་བཅས་ཀྱི“ཁྱབ་སྤེལ་ལྔ་ལ་བརྟེན་ནས”དྲིལ་བསྒྲགས་བྱས་པས་དྲིལ་བསྒྲགས་ལས་དོན་དེ་ལས་སྒོ་དང་སྦྲེལ་མཐུད་ཐུབ་པ་མ་ཟད། དྲིལ་བསྒྲགས་ལ་བརྟེན་ནས་ལས་དོན་ལ་སྐུལ་མ་གཏོང་བ་དང་ལས་དོན་དང་དྲིལ་བསྒྲགས་ཟུང་འབྲེལ་བྱེད་པའི་ཕན་སྐུལ་བཟང་པོ་མངོན་འགྱུར་བྱུང་བ་རེད།

ལོ་སྟོད་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་དཔྱད་གཞི་ཡིག་སྒྱུར་བྱས་པ་ཁྲི10ཙམ་ཕྱོགས་བསྒྲིགས་བྱས་པ་དང་། དྲིལ་བསྒྲགས་བློ་འདྲིའི་ཚོགས་ཆུང་ཁག37བཙུགས་པ། དྲིལ་བསྒྲགས་ནང་ཉེན་རྟོག་པ་མི་ཐེངས2700ཙམ་ཞུགས་པ། རླངས་འཁོར་གྱི་ལམ་ཐག་སྤྱི་ལེ་ཁྲི8.02ཟིན་པ། གཞི་རིམ་ལ་ཐེངས531བསྐྱོད་པ། སློབ་གསོ་ཐོབ་པའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲི8.46ཟིན་པ། དྲིལ་བསྒྲགས་བྱེད་རིང་རྩོད་གཞི་ཁག84བར་འདུམ་བྱས་པ། མི་ཐེངས328ལ་བཅའ་ཁྲིམས་གནད་དོན་ཐད་ཀྱི་ལན་བརྒྱབ་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།