ཆབ་མདོ་གྲོང་ཁྱེར་གྱི2017ལོའི་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་བདེ་བླག་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་གྱི2017ལོའི་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་བདེ་བླག་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཆབ་མདོ་གྲོང་ཁྱེར་གྱི་འཆར་འགོད་ཆུ་བེད་རྣམ་གྲངས་ཀྱི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར13.4ཟིན་པ་དང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས67ལག་ལེན་བསྟར་བའི་ཁོངས་སུ་ཕྱོགས་བསྡུས་ཆུ་བེད་ལྟེ་བའི་ལས་གྲྭ་དང་། ཆུ་མཛོད་ཆེ་འབྲིང་། ཆུ་ཤུགས་གློག་ཁང་། སྐུད་ལམ། ཞིང་ཆུ་འདྲེན་ཁུལ། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག ཆུ་བོ་འབྲིང་ཆུང་བཅོས་སྒྲིག་སོགས་ཚུད་ཡོད། ཟླ་བ་བདུན་པའི་ཟླ་མཇུག་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར5.8བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི43.15%བཟུང་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།