བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྔ་བསྡུ་འཕྲུལ་འཁོར་ནང་འདྲེན་བྱས་ཏེ་གྲོ་རྔ་བསྡུ་བྱེད་རོགས་བྱས།

1503538840481325.jpg

འདི་ནི་བརྔ་བསྡུ་འཕྲུལ་འཁོར་གྱིས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ནུབ་མཁར་གྲོང་ཚོ་རུ་གྲོ་རྔ་བསྡུ་བྱེད་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་ནི་བོད་ལྗོངས་ཀྱི་སོ་ནམ་ཁུལ་དུ་ལོ་ཏོག་རྔ་བསྡུ་བྱེད་པའི་དུས་ཚིགས་རེད། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ནུབ་མཁར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་མཐུན་སྦྱོར་བྱེད་རོགས་བྱས་ཏེ་རྔ་བསྡུ་འཕྲུལ་འཁོར་གཅིག་ཉོས་ནས་གླ་ཆ་མི་དགོས་པར་གྲོང་མི་ཚོར་ལོ་ཏོག་རྔ་བསྡུ་བྱེད་རོགས་བྱས་པས། ལོ་ཏོག་རྔ་བསྡུའི་ལས་ཕྱོད་མཐོ་རུ་བཏང་ཡོད་པ་རེད། 

1503538840449943.jpg

འདི་ནི་བརྔ་བསྡུ་འཕྲུལ་འཁོར་གྱིས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ནུབ་མཁར་གྲོང་ཚོ་རུ་གྲོ་རྔ་བསྡུ་བྱེད་བཞིན་པའི་ཚུལ།


རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།