གཞིས་རྩེའི་ས་སྐྱ་རྫོང་གིས“འོང་སྐོར་དུས་ཆེན”གཏིང་ཟབ་ངང་སྤེལ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་སྐྱེད་དུ་བཏང་།

1502870199959423.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་སར་སོ་ནམ་ཞིང་པའི་ལོ་གཅིག་དུས་གཅིག་གི“འོང་སྐོར་དུས་ཆེན”གྱི་དགའ་སྟོན་ལ་རོལ་བཞིན་ཡོད། གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཀྱང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་དང་བསྟུན་ནས་ས་སྐྱ་རྫོང་གི་ས་ཕྱོགས་གང་སར་བྱེད་སྒོའི་དྲི་ཞིམ་མཐུ་ཐུབ་པར་བྱས་ཡོད་ཅིང་། སོ་ནམ་ཞིང་པའི་ལོ་ལེགས་ལ་འབྲས་བཟང་བཏགས་ཐུབ་པའི་བཀྲ་ཤིས་སྨོན་འདུན་སྒྲིག་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་བསྐོང་འཚོགས་ཐུབ་རྒྱུར་དགའ་བ་འབུམ་གྱི་བསུ་བ་བཞུས་ཡོད།

1502870198169708.jpg

གཅིག  སྣེ་མང་གི་ཡུལ་སྲོལ་གོམས་གཤིས་ཀྱི་གླུ་གར་ལ་བརྟེན་ནས། བསམ་བློའི་སློབ་གསོ་ལྟེ་བར་འཛིན་པ། དེ་ཡང་ས་སྐྱ་རྫོང་གི་སྲིད་འཛིན་གྲོང་ཚོ107གྱིས་རང་ཡུལ་གྱི་ཡུལ་ལུགས་གོམས་གཤིས་ལ་བསྟུན་ནས་སྒྲ་སྙན་ཞབས་བྲོ་དང་རྐྱང་གཞས། དགོད་བྲོའི་གཏམ་གླེང་། ཆོབ་གླེང་། འཁྲབ་ཚན་འཐུང་ངུ་། སྒོར་གཞས་སོགས་སྒྲིག་འཛུགས་དང་གསར་རྩོམ་བྱས་ནས་དགོས་བྲོ་ལ་གོ་བདེ་བའི་འཁྲབ་ཚན་མི་ཉུང་བ་ཞིག་མིག་ལམ་དུ་བཤམས་ཏེ། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་རང་ཉིད་ནས་འགོ་བཙུགས་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་རྣམས་མང་ཚོགས་ཡོངས་ཀྱི་སེམས་སུ་ཉར་ཐུབ་པ་བྱེད་པ་དང་། ཡུལ་ལུགས་གོམས་གཤིས་དང་བསྟུན་ཐུབ་པ། ཉིན་རེའི་འཚོ་བ་དང་སྒྲོག་ཐུབ་པ་བཅས། དགའ་སྐྱིད་དང་སྤྲོ་སྣང་ལྡན་པའི“འོང་སྐོར་དུས་ཆེན”བཏང་ཞིང་། ལོ་གཅིག་དུས་གཅིག་གི་སོ་ནམ་ལས་ཀར་རེ་བའི་འབྲས་བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་བཞུས་ཤིང་། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱི་འཚོ་བར་དགའ་ཞེན་བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་བཏང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་སྐོང་འཚོགས་ཐུབ་རྒྱུར་དགའ་བ་འབུམ་གྱིས་བསུ་བ་བཞུས།

1502870198123668.jpg

གཉིས། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ། འོང་སྐོར་དུས་ཆེན་གྱི་སྐབས་སུ། ས་སྐྱ་རྫོང་གི་རྫོང་ཨུད་རྒྱུན་ཨུད་དང་། རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། རྫོང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གཞུང་ལས་ཁང་གི་ཀྲུའུ་རིན་སྐུ་གཞོན་ཚེ་རིང་ལགས་ཀྱི་རྫོང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གཞུང་ལས་ཁང་གི་ལས་དོན་མི་སྣ་དང་། གྲོང་ཚོའི་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ལས་དོན་མི་སྣ་འཁྲིད་ནས་འོང་སྐོར་གཏོང་ཡུལ་གྱི་གནས་ཡུལ་དངོས་སུ་ཕེབས་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། དྲི་བ་དྲི་ལན་གྱི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཤེས་བྱ་རྣམས་མང་ཚོགས་ཀྱི་འཚོ་བ་དངོས་དང་བསྟུན་ཐུབ་མིན་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་དགོས་པའི་རྒྱུ་རྐྱེན་སོགས་བཀའ་འདྲི་ཞུས་པ་དང་ཆབས་ཅིག གྲོང་ཚོའི་ལོ་ན་བགྲེས་པའི་རྒན་རབས་གདན་འདྲེན་བཞུས་ནས་སྤྱི་ཚོགས་གསར་རྙིང་གི་ལོ་རྒྱུས་སྡུར་བའི་སྒྲོག་འགྲེལ་ཚོགས་བསྡུ་འཚོགས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ད་ལྟའི་བདེ་སྐྱིད་དང་ལྡན་པའི་སྤྱི་ཚོགས་མ་བརྗེད་པ་དང། བདེ་སྐྱིད་དང་སྤྲོ་སྣང་ལྡན་པའི་སྤྱི་ཚོགས་ཀྱི་ཡོངས་ཁུངས་ཧ་གོ་བར་བྱས་ནས་ནམ་ཡང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་མཁན་གྱི་ཡུལ་མི་ཡག་པོ་ཞིག་ཆགས་པ་བྱེད་རྒྱུར་རེ་བ་ཞུས།

1502870199434751.jpg

གསུམ། གཙོ་གནད་འཛིན་ཏེ། བརྗོད་དོན་གཙོ་བོའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ། འོང་སྐོར་དུས་ཆེན་སྐབས་སུ།“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་རིམ་བཞི་པ“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་བརྗོད་དོན་གཙོ་བོར་འཛིན་ནས། རྫོང་གི་འགོ་ཁྲིད་ཚོགས་ཆུང་གི་སྒྲོག་འགྲེལ་པ་དང་། གྲོང་ཚོའི་བཅའ་སྡོད་ལས་དོན་ཚོགས་ཆུང་གི་སྒྲོག་འགྲེལ་པ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒྲོག་འགྲེལ་པ་བཅས་སྒྲིག་འཛུགས་བྱས་ནས། འོང་སྐོར་གཏོང་ཡུལ་གྱི་ས་ཆ་དངོས་དང་གྲོང་ཚོ། ཐེམ་པ་མི་རེ་ངོ་རེས་བསྐྱོད་ནས“གང་འདྲ་ཞིག་ལ་ཤེས་དཔལ་དང་། གང་འདྲ་བྱས་ནས་ཤེས་དཔལ་ལྡན་པའི་ཡུལ་མི་བྱེད་དགོས་པ། གང་འདྲ་བྱས་ནས་ཤེས་དཔལ་གྱི་བྱ་བ་སྒྲུབ་དགོས་པ། གང་འདྲ་བྱས་ནས་ཤེས་དཔལ་གྱི་འཚོ་བ་སྐྱེལ་དགོས་མིན”བཅས་སྒྲོག་འགྲེལ་བྱས་ཡོད། རེ་བར། གྲོང་ཚོའི་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་སྣེ་ཁྲིད་ནས་གྲོང་ཚོའི་ཁོར་ར་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་དང་། རང་ཉིད་ནས་འགོ་བཙུགས་ཏེ་ཤེས་དཔལ་ལྡན་པའི་ཁྱིམ་ཚང་དང་ཤེས་དཔལ་ལྡན་པའི་གྲོང་ཚོ། ཤེས་དཔལ་ལྡན་པའི་ཤང་གྲོང་། ཤེས་དཔལ་ལྡན་པའི་རྫོང་གྲོང་འཛུགས་གཏོད་བྱེད་རྒྱུར་སྐུལ་མ་བཏང་ནས་དུས་ནམ་ཡང་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་མི་ཞིག་ཆགས་པ་བྱེད་རྒྱུར་སྐུལ་མ་བཏང་ཡོད། །

ས་སྐྱ་རྫོང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

 2017ལོའི་ཟླ8པའི་ཚེས16ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།