རང་བྱུང་ཐང(CHANDO)ཀུང་སིས་བོད་ལྗོངས་སུ་སྤྱི་ཕན་རྩྭ་ར་སྨི་ངོས་གྲུ་བཞི་མ་ཁྲི66འདེབ་གྲབས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རང་བྱུང་ཐང་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་ཐེབས་རྩ་ཚོགས་པས་“ཧི་མ་ལ་ཡར་རྩྭ་འདེབ་པའི་”བྱེད་སྒོ་དེ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་འཚོགས། དམིགས་ཡུལ་ནི་“ཨེ་ཤེ་ཡའི་ཆུ་མཛོད་”དུ་འབོད་པའི་ཧི་མ་ལ་ཡའི་ཆུ་ཁུངས་དང་དེའི་མཐའ་འཁོར་གྱི་སྣོད་བཅུད་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན།

བྱེད་སྒོ་སྤེལ་ཡུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་ལས་མི་སྣ། རང་བྱུང་ཐང་ཀུང་སིའི་གོང་རིམJALAཁཱ་ལཱན་ཚོགས་པའི་འཐུས་མི་དང་ས་གནས་དེ་གའི་བོད་རིགས་མང་ཚོགས་སོགས་མི་བརྒྱ་ལྷག་འཚོགས་ནས་ཧི་མ་ལ་ཡའི་ལྷ་མོ་རིའི་འོག་ཏུ་གྲོ་མྱུག་ལྗང་ཁུ་བཙུགས་ནས། རང་བྱུང་ཐང་སྤྱི་ཕན་རྩྭ་ར་སྨི་ངོས་གྲུ་བཞི་མ་ཁྲི66ཡོད་པ་ལ་སྔོ་ལྗང་གསར་བ་བསྣན།

1501205930172042.jpg

ཕྱོགས་སོ་སོའི་འཐུས་མིས་གྲོ་མྱུག་ལྗང་ཁུའི་མྱུ་གུ་འདེབས་བཞིན་པ།

ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་ཞུས་ཀོང་གིས་བརྗོད་རྒྱུར། བོད་ལྗོངས་སུ་རང་བྱུང་རྩྭ་སའི་རྒྱ་ཁྱོན་ཆེན་པོ་ཡོད། འོན་ཀྱང་རྩྭའི་ཐོན་ཚད་དམའ་ཞིང་། ས་བབ་མཐོ་བ་དང་།  གྲང་ངར་ཆེ་བ། ཐན་སྐྱོན་སོགས་ཀྱིས་རྐྱེན་པས་ཉམས་རུལ་དུ་གྱུར་པའི་རྩ་ས་སླར་གསོ་བྱེད་ཁག་པོ་ཡོད། དེར་བརྟེན་རང་བྱུང་ཐང་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་བྱེད་སྒོ་འདི་སྤེལ་བས་ཚད་ངེས་ཅན་ཞིག་གི་ངོས་ནས་རང་བྱུང་གི་རྩྭ་ས་སྔར་བས་ཞན་འགྱུར་ལ་བཀག་འགོག་བྱེད་ཐུབ་པ་དང་། ཧི་མ་ལ་ཡའི་རྒྱུད་ཀྱི་རི་ཀླུང་ལ་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་གསར་བ་བསྣན་ཐུབ།

“གྲོ་མྱུག་ལྗང་ཁུ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ལྷག་ཙམ་གྱི་ཡ་ང་བའི་གནམ་གཤིས་ལ་འཚམ་པ་དང་། རླུང་འགོག་བྱེ་འཛིན། ས་ཆུ་སྲུང་འཛིན་བྱ་ཐུབ།”བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་ལས་རོགས་པ་ལེའོ་ཧེ་ཆིན་གྱིས་བརྗོད་རྒྱུར། རང་བྱུང་ཐང་ཀུས་སིས་རྩི་ཤིང་རིགས་དབྱིབས་མང་པོ་ཞིབ་བསྡུར་བྱས་རྗེས་མཐའ་མ་གྲོ་མྱུག་ལྗང་ཁུ་བདམས་ནས་རྩྭ་ཐང་གི་ཚབ་བྱེད་རང་བཞིན་གྱི་ཐོན་ཁུངས་བྱས་ཆོག སེམས་ཞིབ་མོ་དང་ནན་ཏན་གྱིས་ཧི་མ་ལ་ཡའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་བཞིན་ཡོད།

1501205930710482.jpg

རང་བྱུང་ཐང་གི་“ཧི་མ་ལ་ཡར་རྩ་འདེབས་པའི་”བྱེད་སྒོའི་རྡོ་རིང་གི་ཞལ་ཕྱེ་བ།

ཤེས་རྟོགས་བྱུང་བ་ལྟར་ན། དེ་སྔོན་གྱི2016ལོའི་ཟླ་དགུ་པར། རང་བྱུང་ཐང་ཀུང་སིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུའི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་ལག་གདང་མཉམ་དུ་སྤྲེལ་ནས། “རང་བྱུང་ཐང་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་ཐེབས་རྩ་ཚོགས་པ་”བཙུགས་ནས་རང་བྱུང་ཐང་ཀུང་སིའི་ཐོན་རྫས་ཀྱི་གྲུབ་རྫས་གནད་ཆེ་བ་ཁག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རང་བྱུང་གི་རྒྱུ་ཆ་ལས་བཏོན་པ་དང་། སྲུང་སྐྱོབ་རང་བཞིན་གྱིས་རང་བྱུང་གི་འཁྱགས་རོམ་ཆུ་དང་དབྱང་འགྱུར་འགོག་པའི་གངས་ཁྲོད་ཀྱི་རྩི་ཤིང་། ལོ་ངོ་ཁྲི་སྟོང་གི་སྔོན་དུ་གྲུབ་པའི་རྒྱ་མཚོའི་གཏེར་རྫས་སྔོག་འདོན་གསར་སྤེལ་བྱེད་བཞིན་ཡོད།

རང་བྱུང་ཐང་ཀུང་སིའི་གོང་རིམJALAཁཱ་ལཱན་ཚོགས་པའི་ལག་བསྟར་གཙོ་འཛིན་དང་རང་བྱུང་ཐང་ཧི་མ་ལ་ཡཱ་ཡག་ལས་ཞིབ་འཇུག་ཁང་གི་འགོ་གཙོ་ལིས་ཡུས་ལཱང་གིས་བརྗོད་རྒྱུར། རང་བྱུང་ཐང་ཀུང་སིས་ཧི་མ་ལ་ཡའི་མཛེས་པ་ཚོང་རྟགས་སུ་ལག་ལེན་མཐར་འཁྱོལ་བྱས་ནས། རང་བྱུང་ཁམས་ཀྱི་ཉམས་མདངས་ཀྱིས་ལུས་སེམས་བདེ་མོ་འོངས་པར་སྣེ་ཁྲིད་དང་། འཛད་སྤྱོད་པས་རང་བྱུང་ཁམས་ཀྱི་མཛེས་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་བྱེད་པའི་དགོས་མཁོ་སྐོང་ཐུབ།  དུས་མཚུངས་སུ་སླད་ཕྱིན་ལོ་རེ་བཞིན་རང་བྱུང་ཐང་ཀུང་སིས་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཧི་མ་ལ་ཡའི་སྣོད་བཅུད་ཐོན་ཁུངས་སྲུང་སྐྱོབ་རང་བཞིན་གྱིས་གསར་སྤེལ་བྱ་རྒྱུ་ཡིན། 

1501205930113634.jpg

ཕྱོགས་སོ་སོའི་འཐུས་མི་རྣམས་ཀྱིས་ཐུན་མོང་ཐོག་སྨི་ངོས་གྲུ་བཞི་མ་ཁྲི66ཡོད་པའི་རང་བྱུང་ཐང་རྩྭ་ར་གྲོ་མྱུག་ལྗང་ཁུ་མཚར་ལོངས་བྱུང་བ་བདེན་དཔང་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།