བོད་ལྗོངས་ཀྱིས“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་མུ་མཐུད་ཆེ་རུ་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཞིབ་མཆན་སྒྱུར་བཅོས་གཞུང་དོན་ཁང་གིས་ཀྲུང་དབྱང་གི་འབྲེལ་ཡོད་སྒྱུར་བཅོས་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁག3ལ་བགོས་ནས་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་མཚམས་སྦྱོར་ཞབས་ཞུའི་རྣམ་གྲངས66གཅིག་སྡུད་ཐོག་གཙང་སེལ་དང་ཚད་ལྡན་དུ་གཏོང་རྒྱུ་དང་། གཙང་སེལ་དང་ཚད་ལྡན་དུ་བཏང་རྗེས་སྲིད་གཞུང་གི་དབང་ཆར་གཅུན་སྡོམ་ནུས་ལྡན་ཐུབ་རྒྱུ་དང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་འགྲོ་རྒྱུ། མང་ཚོགས་ལས་གཉེར་ལས་གཏོད་བྱེད་བདེ་རུ་འགྲོ་རྒྱུ་རེད།

“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་གནང་བའི་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་པས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཁྲོམ་རའི་གསོན་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ། རིགས་ཁག་གི་ཁྲོམ་རའི་བྱེད་པོ“ཁྲོན་ཆུ་གློ་བུར་དུ་དོལ་བ་ལྟར”འཕེལ་རྒྱས་ཕྱིན་པ། “གཉིས་གཏོད”དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་དེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། རང་ལྗོངས་ཀྱིས“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་སྲུང་སྐྱོང་བཅས་བྱ་རྒྱུར་གཅིག་འདོམས་བསམ་གཞིག་བྱས་ནས་ལྷུག་ཏུ་གཏོང་ཐུབ་པ་དང་། དོ་དམ་ཡག་པོ་བྱེད་ཐུབ་པ། ཞབས་འདེགས་ཡག་པོ་ཞུ་ཐུབ་པ་བཅས་ཏན་ཏིག་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།