གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི” བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བར་སྐུལ་མ་གཏིང་ཟབ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི“འདུ་ཤེས་བཞི”དང“མོས་སེམས་ལྔ”སྔར་བས་ཆེ་རུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཚད་མཐོའི་མཐོང་ཆེན་དང་བསམ་བློར་སློབ་གསོ་གཏོང་བ་ནས་འགོ་བཙུགས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་ཏན་ཏིག་ཐོབ་པར་བྱས་པ་རེད།

བསམ་བློའི་ལས་དོན་ཡག་པོ་བསྒྲུབས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་དོན་དངོས་ལ་གཞི་ཚུགས་ནས་སྒྲིག་འཛུགས་ཞིབ་ཚགས་དང་དུས་མཚམས་ཕྱེ་སྟེ་སྒྲོག་འགྲེལ་ཇུས་གཞི་ཞིབ་ཚགས་བཟོས་པ་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཙུའུ་ཀྲང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མི་ལས་གྲུབ་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་དུས་བཀག་ཐོག་ཞིང་འབྲོག་ཁུལ་གྱི་ཏང་ཡོན་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྐུལ་སློང་ཚོགས་ཆེན་འཚོག་གི་ཡོད། རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་ནང་མུ་ཁ་དང་། ཞིང་འབྲོག་པའི་སྒོ་ར། ཕྱུགས་འཚོ་ས་སོགས་སུ་བསྐྱོད་དེ་གོ་བདེ་ལ་ཤེས་སླ་བའི་སྐད་ཆས་མང་ཚོགས་དང་སྤེལ་རེས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ། ཡུལ་སྲོལ་གོམས་གཤིས་གླེང་བ། རིག་གནས་གླེང་བ་སོགས་ཀྱི་རྣམ་པར་བརྟེན་ནས་ཞིང་འབྲོག་པ་ཏང་ཡོན་ལ་བསམ་བློའི་སློབ་གསོ་གང་ལེགས་གཏོང་བ་སོགས་ཀྱི་ཤུགས་རྐྱེན་འོག་མང་ཚོགས་ཚོའི“འདུ་ཤེས་བཞི”དང“མོས་སེམས་ལྔ”ཆེ་རུ་བཏང་ཡོད།

དྲིལ་བསྒྲགས་སློབ་གསོ་ཡག་པོ་བཏང་བ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དྲིལ་བསྒྲགས་སྒྲོམ་ཡིག་བཟོ་བ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་སྦྱར་ཡིག་སྦྱོར་བ། རྒྱང་བསྒྲགས་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་དྲིལ་བསྒྲགས་བྱས་ཡོད། སྒྲོག་འགྲེལ་ཚོགས་པ་ས་ཆ་གང་དུ་སླེབས་རུང་དེར་སྒྲོག་འགྲེལ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྒྲོག་འགྲེལ་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོས་ཞིང་འབྲོག་ཁུལ་དུ་ཤུགས་རྐྱེན་ཕོག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་མི་ཚང་མ་དང་དུད་ཚང་ཚང་མས་ཤེས་པར་བྱས་ཡོད།

ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ། ཞིང་འབྲོག་ཁུལ་དུ་སྐྱོད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དུད་ཚང་དང་སྦྲ་གུར་དུ་བསྐྱོད་དེ་མང་ཚོགས་དང་མཉམ་ཟ་མཉམ་སྡོད་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ཏེ་མང་ཚོགས་ཀྱི་བསམ་ཚུལ་དང་རེ་སྒུག་སོགས་ཤེས་རྟོགས་གཏིང་ཟབ་བྱས་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ“སློབ་ཞུགས་དང་། སྨན་བཅོས། ལས་ཞུགས་བཅས་གསུམ”དང“འགན་ལེན་གཉིས”“ཤར་གཏོང་དྲུག”“བདེ་སྡོད་གཅིག”སོགས་ཀྱི་དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་2700ཐག་གཅོད་བྱེད་རོགས་བྱས་པ་དང་མང་ཚོགས་ལ་དོན་དངོས་དང་བྱ་བཟང་6852སྒྲུབ་རོགས་བྱས་པས་མི་གྲངས་525ལས་ཞུགས་དང་ལས་ཞུགས་བསྐྱར་མ་ཐུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།