ལྷ་ས་གྲོང་ཁྱེར་གྱི“ཏང་སྟོབས་ཆེར་གཏོང་བ་དང་། རྨང་གཞི་བརྟན་གཏོང་། གྲོང་ཚོར་རོགས་སྐྱོར”བཅས་ཀྱི་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོའི་ཟླ3པ་ཤར་ཚུན། ལྷ་ས་གྲོང་ཨུད་ཀྱིས་ལྗོངས་ཏང་ཨུད་ཀྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་མངགས་གཏོང་བྱེད་པའི་ལས་ཀའི་སྤྱིའི་བཀོད་སྒྲིག་ལ་ཟུང་འབྲེལ་དམ་ཟབ་བྱས་ནས། གྲོང་གསེབ་ལས་ཀའི་འགན་ནུས་འགྱུར་ལྡོག་དང་། འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་བ། ཤང(གྲོང་རྡལ)ལས་བྱེད་པ་གྲོང་ཚོར(གྲོང་ལྷན)ལས་ཀར་འགྲོ་རྒྱུར་སྐུལ་སྤེལ་གཏོང་བ་བཅས་ཀྱིས་ནང་དོན་གཙོ་བོ་བྱས་པའི་ཏང་སྟོབས་ཆེར་གཏོང་བ་དང་། རྨང་གཞི་བརྟན་གཏོང་། གྲོང་ཚོར་རོགས་སྐྱོར”ལས་དོན་སྤེལ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཐོག ལས་ཀའི་གཙོ་གནད་གྲོང་གསེབ་ཏུ་གཤམ་སྤོས་བྱེད་པ་དང་གྲོང་གསེབ་ཕན་ཚུན་སྤེལ་རེས་ནུས་ལྡན་དང་མཉམ་སྒུལ་རིམ་སྤོར་བྱས་པས་གནད་སྨིན་དབུལ་སྐྱོར་ལ་སྐུལ་སྤེལ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ཀྱི་གྲོང་གསེབ་གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། ཞིང་འབྲོག་ཁུལ་དང་གྲོང་ཁྱེར་སྡེ་ཁུལ་གྱི་གཞི་རིམ་སྒྱུར་བཅོས་འཕེལ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་བཏང་བ་རེད།

གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་རྣམ་པ་གསར་པ་བཏོད་པ། “ཏང་སྟོབས་ཆེར་གཏོང་བ་དང་། རྨང་གཞི་བརྟན་གཏོང་། གྲོང་ཚོར་རོགས་སྐྱོར”ལས་དོན་སྤེལ་ཚུན། གྲོང་ཚོར(གྲོང་ལྷན)ལས་ཀ་བྱེད་དུ་སྐྱོད་པའི་རྒྱ་ཆེའི་ལས་བྱེད་པས་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་པོ་འཛུགས་རྒྱུ་ནས་འགོ་བརྩམས་ཏེ“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” ཏང་དོན་ཡོངས་བསྒྲགས། གྲོང་དོན་ཡོངས་བསྒྲགས་སོགས་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཁར། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་གྲོང་ཚོ(གྲོང་ལྷན)ལས་དོན་ཁག་དེ་བས་ཚད་ལྡན་དང་གོ་རིམ་ལྡན་པ་བྱུང་ཡོད། ལྷག་པར་དུ་གཤམ་སྐྱོད་ལས་བྱེད་པས་རང་གཅུན་ནན་པོ་བྱས་ནས་གྲོང་ཚོ(གྲོང་ལྷན)ལས་ཀའི་ལམ་ལུགས་ཁག་ལ་བརྩི་སྲུང་ནན་པོ་ཞུ་བའི་སྣེ་ཁྲིད་པ་མ་ཟད། གྲོང་ཚོ(གྲོང་ལྷན)ལས་དོན་ལྟ་སྐུལ་ཨུ་ལྷན་གྱིས་འགན་འཁྲིའི་གནས་བབ་གཏན་འཁེལ་བཟོ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཞིང་དར་དང་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་དོན་འཁྱོལ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་ཀྱི“མ་རྩ་གསུམ”ལ་དོ་དམ། ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན། དེ་བཞིན་གྲོང་ཚོ(གྲོང་ལྷན)ལས་བྱེད་པའི་སྤྱོད་གཙང་འགན་སྒྲུབ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རིམ་མང་ཚོགས་ལ་གྲོང་ཚོ(གྲོང་ལྷན)ལས་དོན་ཤེས་དབང་དང་། ཞུགས་དབང་། དོ་དམ་དབང་ཆ། ལྟ་སྐུལ་དབང་ཆ་བཅས་དངོས་སུ་སྤྱོད་རྒྱུ་ཡོད་པ་བྱས་ཏེ། གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་རྣམ་པ་གསར་པ་བཏོད་པ་རེད།

གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་གསར་པར་འཕེལ་བ་བྱས་པ། ཤང(གྲོང་རྡལ)གི་ལས་ཀའི་འགན་ནུས་ལ་འགྱུར་ལྡོག་གཏོང་བ་དང་། གྲོང་ཚོ(གྲོང་ལྷན)ཞབས་ཞུའི་ལྟེ་གནས་འཛུགས་པ། གྲོང་ཚོ(གྲོང་ལྷན)སྲིད་འཛིན་ལས་དོན་དང་དམངས་ཕན་ཞབས་ཞུར་སྤྱི་འདོམས་འགན་འཁྲི་འཁུར་བ་བཅས་བྱས་པ་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དང་དམངས་ལ་སྟབས་བདེ་དང་དམངས་ཕན་ཞབས་ཞུ་སྣ་མང་ཅན་དུ་འགྱུར་གྱུར་སྐུལ་སྤེལ་བཏང་བ་རེད། གྲོང་ཚོ(གྲོང་ལྷན)མང་ཚོགས“དོན་དག་སྒྲུབ་པར་གྲོང་ཚོ་ནས་ཕྱིར་བསྐྱོད་མི་དགོས་པ”བྱུང་ནས་ཐག་རིང་ལུང་ཁུག་མང་ཚོགས་དོན་དག་སྒྲུབ་པར་སྟབས་བདེ་མེད་པ་དང་མ་གནས་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པས། མང་ཚོགས་ཁྲོད་ཀྱི་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱི་སྙན་གྲགས་དེ་བས་ཆེ་རུ་ཕྱིན་པ་རེད།

ཤང(གྲོང་རྡལ)གི་ལས་བྱེད་པ་གྲོང་ཚོ་རིམ་པའི་ཚན་ཁག་ཏུ་འདེམས་གཏོང་བྱས་པ། གྲོང་ཚོ(གྲོང་ལྷན)ལས་བྱེད་དཔུང་ཁག་ཀྱི་སློབ་རྒྱུས་དང་། ལོ་གྲངས། མི་རིགས་བཅས་ཀྱི་གྲུབ་ཆ་ལེགས་སུ་བཏང་ནས་གྲོང་ཚོ་རིམ་པའི་ཚན་ཁག་གི་ཤེས་བྱའི་ཆུ་ཚད་དང་། ཁྲིམས་བཞིན་བཅོས་སྐྱོང་བྱེད་ནུས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་འགོ་ཁྲིད་པའི་འཇོན་ཐང་སོགས་ཐད་ཀྱི་མི་འདང་བའི་ཆ་ཁ་གསབ་ནུས་ལྡན་བྱས་པ་མ་ཟད། རྒྱ་ཆེའི་ཤང(གྲོང་རྡལ)ལས་བྱེད་པར་བྱ་སྒྲུབ་ལས་གཏོད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་བསྐྲུན་ནས་གྲོང་གསེབ་ལས་བྱེད་པའི་དཔུང་ཁག་གི་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་ལེགས་ཆ་གསབ་རེས་ཐུབ་པ་བྱུང་བ་རེད། ལྷག་པར་དུ་ཤང(གྲོང་རྡལ)གི་ཁོའོ་གཞོན་པ་ཡན་གྱི་ཏང་ཨུད་ཨུ་ཡོན་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་བྱེད་པར་འདེམས་གཏོང་བྱས་ནས་ཁྱོན་ཡོངས་ཀྱི་ལས་དོན་གཙོ་སྐྱོང་བྱེད་དུ་བཅུག་པ་དེས་གྲོང་ཚོར་བཅའ་སྡོད་ལས་ཀར“བརྟེན་ས”ཡོད་པ་བྱུང་ནས་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱིས་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འཇོན་ཐང་ཆེ་རུ་ཤུགས་ཆེན་ཕྱིན་ཏེ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕན་འབྲས་གསར་པ་ཐོན་པ། རྒྱ་ཆེའི་གཤམ་སྐྱོད་ལས་བྱེད་པས་མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཉིན་གང་གྲོང་ཚོ(གྲོང་ལྷན)དུ་ལས་ཀ་བྱེད་པ་དང་ཕྱོགས་ཡོངས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གྲོང་ཚོར(གྲོང་ལྷན)དྲིལ་བསྒྲགས་བྱེད་པ་དང་། བསམ་བློ་ཆབ་སྲིད་ལས་དོན་དུད་ཚང་དུ་སྤེལ་བ། དམངས་ཕན་སྲིད་ཇུས་ཁག་མི་མགོར་དོན་འཁྱོལ་བྱེད་པ་བཅས་བྱས་ནས། རང་ངོས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་མང་ཚོགས་ཁྲོད་དུ་དམངས་བརྩེ་དང་། དམངས་གཅེས། དམངས་ཆེད་བཅས་ཀྱི་དངོས་སྒྲུབ་གཟུགས་བརྙན་བཏོད་ཡོད་པ་རེད། ལྷག་པར་དུ་ན་གཞོན་ལས་བྱེད་པ་འབོར་ཆེན་ཞིག་གིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཁྲོད་གཞི་རིམ་ཀྱི་གནས་ཚུལ་ལ་རྒྱུས་མངའ་ལོན་པ་དང་གཤིས་ཀར་ཞུན་བརྡར་ཐེབས་པ་མ་ཟད། དོན་དངོས་གནད་དོན་ཐག་གཅོད་དང་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག ལས་ཁུངས་ལས་བྱེད་པའི་སྒམ་ནན་གྱི་ལས་ཀའི་སྤྱོད་ཚུལ་དང་། ཕན་འབྲས་ཆེ་བའི་ལས་ཆོད། སྔོན་ཐོན་གྱི་བསམ་བློའི་ལྟ་བ་བཅས་ཀྱིས་ཀྱང་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མིས་ལས་ཀའི་ཐབས་ཤེས་ལེགས་སུ་གཏོང་བ་དང་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་གཏོང་རྒྱུར་ངམ་ཤུགས་ཀྱིས་ཤུགས་རྐྱེན་དང་སྣེ་ཁྲིད་བྱས་ནས། ཚད་གཞི་མཐོ་བའི་སྒོ་ནས་ཞིང་འབྲོག་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་སྤེལ་གཏོང་བའི་དྲང་ནུས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།