རྒྱལ་ཡོངས་ཀྱི་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཡིག་རྒྱུགས་ལྷ་སར་གཏོང་འགོ་ཚུགས་པ།

1440407399136681.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས16ཉིན་གྱི་སྔ་དྲོར།  2016ལོའི་རྒྱལ་ཡོངས་ཀྱི་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཡིག་རྒྱུགས་ལྷ་སར་གཏོང་འགོ་ཚུགས་པ་རེད།

ད་ལོའི་བོད་ལྗོངས་རྒྱུགས་ཁུལ་དུ་ཁྱོན་བོད་ལྗོངས་སློབ་ཆེན་དུ་རྒྱུགས་གནས1དང་རྒྱུགས་ར7བཙུགས་ཡོད་པ་དང་། གསང་ཐབས་ཡིག་རྒྱུགས་ཀྱི་བྱ་ཐབས་ཐོག་ནས་རྒྱུགས་ལེན་བྱས་ཤིང་། ཡིག་རྒྱུགས་གཏོང་བའི་དུས་ཚོད་ཉིན་གཅིག་ཡིན་པ་དང་། 《རྨང་གཞིའི་སྔོན་འགོག》དང《ནད་ཐོག་སྨན་བཅོས་ཕྱོགས་བསྡུས》བཅས་ཁག་གཉིས་ཡིག་རྒྱུགས་གཏོང་རྒྱུ་རེད། རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར7ནས་ཡོང་བའི་ཕྱུགས་རིགས་སྨན་པའི་འབྲེལ་ཡོད་ཆེད་ལས་ཡིག་རྒྱུགས་གཏོང་མཁན700ད་ཐེངས་ཀྱི་ཐོབ་ཐང་ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཡིག་རྒྱུགས་ནི་ཕྱུགས་ནད་སྨན་པའི་འཇུག་འཐུས་ཡིག་རྒྱུགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱིས་ལོ་ལྟར་གྱི་ཟླ10པའི་ནང་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་ཏེ་ཡིག་རྒྱུགས་གཏོང་གི་ཡོད་པ་དང་། ཟླ12པའི་ཟླ་མཇུག་ཏུ་ཡིག་རྒྱུགས་ཀྱི་སྦྱངས་འབྲས་ཁྱབ་བསྒྲགས་བྱེད་པ་མ་ཟད། སྐར་གྲངས་ཀྱང་གཏན་འཁེལ་བྱེད་ཀྱི་ཡོད། དེའི་དམིགས་ཡུལ་ནི་ཕྱུགས་རིགས་སྨན་པར་ཆེད་ལས་ཤེས་བྱ་དང་། རྩལ་ནུས་ཆུ་ཚད། ལས་རིགས་ཀུན་སྤྱོད་བཅས་ལྡན་མིན་ལ་གདེང་འཇོག་བྱ་རྒྱུ་དེ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།