བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས“གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན”བསྡུ་རྒྱུ་རེད།

2-150922103910349.jpg

134641592_11n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲའོ་མིང་གིས་ཟླ8པའི་ཚེས19ཉིན་ཆབ་མདོ་གྲོང་ཁྱེར་གྱིས་སྐབས་གཉིས་པའི“གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན”བསྡུ་རྒྱུ་ཡིན་ལ།  ཁྱོན་ཡོངས་ནས་ཆབ་མདོའི་ཇ་རྟ་གནའ་ལམ་གྱི་རིག་གནས་འགྲེམས་སྟོན་བྱ་རྒྱུ་ཡིན་ཟེར། 

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནི་རྫ་ཆུ་དང་། འབྲི་ཆུ།  རྒྱལ་མོ་རྔུལ་ཆུ་སོགས“གཙང་གསུམ”བཞུར་རྒྱུན་དུ་ཡོད་པ་དང་། དེ་ནི་སི་ཁྲོན་ནས་བོད་ལྗོངས་དང་། ཡུན་ནན་ནས་བོད་ལྗོངས་ཀྱི་ཇ་རྟ་གནའ་ལམ་འབྲེལ་མཚམས་ཐིག་དང་ཆེས་ཆེ་བའི་དངོས་ཟོག་གཅིག་སྡུད་བྱེད་པའི་ས་གནས་ཡིན་ལ། “ཡུན་ནན་ནས་བོད་ལྗོངས་བར་དང་། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལམ”ནི་ལོ་རྒྱུས་སྟེང་གནའ་བའི་ཇ་རྟ་གནའ་ལམ་གྱི་འགྲིམ་འགྲུལ་འགག་རྩ་ཡང་ཡིན། རིག་གནས་སྣ་ཚོགས་གཅིག་ཏུ་འདྲེས་བ་ཡིས་ཆབ་མདོའི་ཇ་རྟ་གནའ་ལམ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྐྲུན་ཡོད་པ་མ་ཟད། ད་དུང་མངོན་གསལ་ལྡན་པའི་ས་གནས་ཀྱི་ཁྱད་ཆོས་ཀྱང་ལྡན། 

ཀྲའོ་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཆབ་མདོའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་སྲིད་གཞུང་གིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད།  ཟླ8པའི་ཚེས19ཉིན་ནས་ཚེས25བར་དུ་ཆབ་མདོ་གྲོང་ཁྱེར་གྱིས“ལོ་ངོ་སྟོང་གི་རིག་གནས་དང་། ལྗང་མདོག་ལྡན་པའི་ཆབ་མདོ”ཞེས་པ་བརྗོད་བྱ་ཡིན་པའི་སྐབས་གཉིས་པའི“གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན”བསྡུ་རྒྱུ་ཡིན།  སྐབས་དེར། རིག་རྩལ་འཁྲབ་སྟོན་དང་། ལུས་རྩལ་བྱ་འགུལ། དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་བསྡུར། ཚོང་དོན་བཀྲམ་འཚོང་། རིག་གནས། གནས་སྐོར་གྱི་གླེང་སྟེགས་སོགས་རིགས་ཆེན་པོ11དང་བྱ་འགུལ་རྣམ་གྲངས34སྤེལ་རྒྱུ་རེད།

ཀྲའོ་མིང་གིས་བཤད་རྒྱུར།  ཆབ་མདོ་རུ་བོད་ལྗོངས་ལ་ཁྱད་ཐོན་ཏུ་ཡོད་པའི་གནས་སྐོར་རིག་གནས་ཀྱི་ཐོན་ཁུངས་ཡོད་པ་དང་།  དཔེར་ན། བོད་ཤར་གྱི་དགེ་ལུགས་པའི་དགོན་པ་དང་པོ་ཆབ་དགོན་བྱམས་གླིང་དང་། སྨར་ཁམས་ཀྱི་ལོ་ངོ་སྟོང་གི་གནའ་བའི་ཚྭ་ཞིང་།  ད་དུང་ད་ལྟའི་བར་དུ་རྒྱུད་འཛིན་བྱས་པའི་ཚྭ་བཟོ་ལག་རྩལ། དེ་དང་ཆབས་ཅིག་ཏུ་ཕུན་སུམ་ཚོགས་པའི་གོ་དོན་དང་ནང་དོན་ཞིབ་ཆ་ཡོད་པའི་ཁམས་པའི་རིག་གནས་སོགས་ཡོད།  གནའ་ནས་ད་བར་དུ། འགྲིམ་འགྲུལ་ནི་ཆབ་མདོའི་གནས་སྐོར་རིག་གནས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགག་རྩ་ཞིག་ཡིན་ཞིང་།  ཆབ་མདོ་ཡིས‘ལོ་ལྔའི་ཚན་བཅུ་གསུམ་པའི’སྐབས་སུ་ཁྱོན་ཡོངས་ནས་ལྕགས་ལམ་དང་། གཞུང་ལམ། མཁའ་ལམ་སོགས་ཀྱི་འགྲིམ་འགྲུལ་དྲ་བ་བསྐྲུན་ནས་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།