བོད་ལྗོངས་ཀྱིས་ད་ལོའི་སྐོར་དང་པོའི་ཧིན་རྡུའི་གཞུང་ཕྱོགས་ཀྱི་གནས་མཇལ་བ་སྣེ་ལེན་བྱས།

wKhTlFdooY-Efb-TAAAAABLA0dg524.jpg

wKhTlVdooZiEGqnfAAAAAN_ijyI924.jpg

wKhTlFdooY2Ed73PAAAAAA0PK8g590.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ6པའི་ཚེས20ཉིན་གྱི་སྔ་དྲོར་བོད་ལྗོངས་ཀྱིས་ད་ལོའི་སྐོར་དང་པོའི་ཧིན་རྡུའི་གཞུང་ཕྱོགས་ཀྱི་གནས་མཇལ་བ་སྣེ་ལེན་བྱས།  ཧིན་རྡུའི་སྐོར་དང་པོའི་གཞུང་ཕྱོགས་གནས་མཇལ་བ་བསྡོམས་པས་མི97ཡོད་པ་དང་། སོ་སོར་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་རྒྱ་མཚོའི་ངོས་ལས་སྨི4500ཡོད་པའི་རྣ་ཐོས་ལ་རི་བོ་དང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་རྒྱ་མཚོའི་ངོས་སྨི5200ཡོད་པའི་འཆམ་ལ་རི་བོ་ནས་རང་རྒྱལ་གྱི་མངའ་ཁོངས་སུ་སླེབས། 

ལམ་ཆེན་གཉིས་ཀྱི་མཐའ་སྲུང་ཞིབ་བཤེར་གྱི་ལས་འགན་ཁུར་ཡོད་པའི་བོད་ལྗོངས་སྤྱི་བདེའི་མཐའ་སྲུང་རུ་ཁག་གིས་གྲོ་མོ་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་སྤུ་ཧྲེང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མཐའ་སྲུང་དམག་གིས་སྤྲོ་སེམས་འཁོལ་བའི་སྒོ་ནས་གནས་མཇལ་བར་མངའ་ཁོངས་སུ་འཛུལ་བའི་མཐའ་སྲུང་ཞིབ་བཤེར་གྱི་འགྲོ་ལུགས་སྒྲུབ་རོགས་བྱས་ཞིང་།  རང་འགུལ་སྒོས་མཐོ་སྒང་གི་འགྱུར་འབྱུང་ཡོད་པའི་གནས་མཇལ་བར་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཏེ། གནས་མཇལ་བ་རྣམས་བདེ་འཇགས་དང་། བདེ་བླག་ངང་མངའ་ཁོངས་སུ་འཛུལ་ནས་གནས་སྐོར་བྱེད་པར་འགན་ལེན་ཏན་ཏིག་བྱས། 

ཤེས་རྟོགས་བྱུང་བ་ལྟར་ན། ཟླ6པ་ནས9པའི་བར་དུ་གྲོ་མོ་དང་སྤུ་ཧྲེང་རྫོང་གཉིས་ཀྱིས་ད་རུང་མུ་མཐུད་དུ་བོད་ལ་གནས་སྐོར་དུ་ཡོང་བའི་གནས་མཇལ་བ་སྐོར23སྣེ་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།