བོད་ལྗོངས་ཞིང་འབྲོག་ཐིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ལས་དོན་སྐས་རིམ་གསར་པར་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཏང་ཡོན་དང་བླངས་པ153ལས་གྲུབ་པའི་ཞབས་ཞུ་རུ་ཁག5སྦྲ་ནག་ཞོལ་སྡེ་ཁུལ་དུ་ཡོང་ནས་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་པའི་བཞོན་མ་ར་བར་གནས་གཏན་འཁེལ་གྱི་རོགས་སྐྱོར་དང་ཁྲེང་ཀོན་ཆུས་ཀྱི་བཞོན་མ་གསོ་སྤེལ་ལྟེ་གནས་ལ་ལག་རྩལ་མཛུབ་ཁྲིད་བྱས་པ་དེ་ནི་ལྗོངས་ཞིང་འབྲོག་ཐིན་གྱིས་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་ཞིག་རེད།

ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དང་བླངས་པའི་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད། ལྗོངས་ཞིང་འབྲོག་ཐིན་གྱིས2016ལོ་འདི་ཉིད་བསམ་པའི་དཔལ་ཡོན་འཛུགས་གཏོད་ལས་ཀར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཤུགས་སྣོན་ལོར་བརྩིས་ནས་རང་སྐྱོང་ལྗོངས་ཤེས་དཔལ་ལས་དོན་ཨུ་ལྷན་གྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་། རང་ངོས་ཀྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་དོན་དངོས་ལ་དམིགས་ནས་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་དངོས་ཕན་བརྩོན་ལེན་ཧུར་ཐག་བྱེད་པ་དང་། ལས་དོན་གསར་གཏོད་ཐད་རྒྱ་བསྐྱེད་གཏིང་ཟབ་གཏོང་བ། དང་བླངས་ཞབས་ཞུའི་བྱེད་སྒོའི་ཐད་རིན་ཐང་གི་སྙིང་དོན་མངོན་པ་བཅས་བྱས་ཐོག་བསམ་པའི་དཔལ་ཡོན་འཛུགས་གཏོད་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།

ཤེས་དཔལ་ཚན་པ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཤེས་དཔལ་ཚན་པ་གཏོད་རྒྱུ་དེ་ལྟེ་བའི་རིན་ཐང་ལྟ་བའི་གཡུལ་ས་གཙོ་བོར་ཁྱབ་པ་དང་མཉམ་འདྲེས་བྱས་ནས་ལྟེ་བའི་རིན་ཐང་ལྟ་བ་དེ་ཞིང་འབྲོག་པའི་སེམས་ནང་རྩ་བ་ཚུགས་པ་དང་ཡལ་ག་རྒྱས་པར་ཁྲིད་སྟོན་བྱ་རྒྱུ་རེད། ལྗོངས་ཞིང་འབྲོག་ཐིན་གྱིས་ཤེས་དཔལ་ཚན་པ་གཏོད་པའི་བྱེད་སྒོར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དེ་ཞིང་འབྲོག་ཐིན་ཁོངས་གཏོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་ལས་དོན་གཙོ་བོར་བརྩིས་ཏེ་བསམ་པའི་དཔལ་ཡོན་ལས་དོན་ཚོགས་འདུ་དུས་ཐོག་ཏུ་འཚོགས་ནས་ལས་ཀའི་གཙོ་གནད་བཀོད་སྒྲིག་དང་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ཐོག་ཞིང་འབྲོག་ཐིན་འདི་ཉིད་ཤེས་དཔལ་ཚན་པ་གཏོད་པ་དང་། ཤེས་དཔལ་བྱེད་སྒོ་ལག་ལེན། ཤེས་དཔལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྟེན་གཞི་གལ་ཆེན་དུ་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།